མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་སློབ་གསོ་གྲོང་གི་དུས་སྐབས་དང་པོའི་རྣམ་གྲངས་གཙོ་བོ་དགུ་ད་ལོར་འགྲུབ་པའི་རེ་བ་ཡོད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-16 21:22

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲོང་གི་སྐབས་དང་པོའི་ལས་གཞིའི་རྣམ་གྲངས༡༧ལ་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར༣༧ལ་ཉེ་བ་བཏང་ཞིང་། དེ་ལས་བོད་ལྗོངས་སློབ་ཆེན་གྱི་ལག་ལེན་ཚོད་ལྟ་སྦྱོང་བརྡར་རྟེན་གཞིའི་རྣམ་གྲངས་ཕུད། རྣམ་གྲངས་གཞན་དག་འཛུགས་སྐྲུན་གྱི་ལས་སུ་ཞུགས་ཡོད་ལ། རྣམ་གྲངས་དེ་དག་ནང་ནས་རྣམ་གྲངས་དགུ་ཡི་ལས་གཞི་གཙོ་བོ་ད་ལོའི་ནང་ལེགས་འགྲུབ་འབྱུང་བའི་རེ་བ་ཡོད། ༢༠༡༤ལོའི་ཟླ༦པའི་ནང་ལས་གཞི་རྣམ་གྲངས་ཡོངས་འགྲུབ་པའི་འཆར་གཞི་ཡོད།

    ཤེས་གསལ་ལྟར་ན། སྐབས་དང་པོའི་ལས་གཞི་རྣམ་གྲངས་༡༧གྱི་ནང་དུ་ལྷ་ས་གྲོང་ཁྱེར་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཡུན་ཏེང་ཡུན་སྡོད་ཁུལ་ཆུང་བ། ནག་ཆུ་ལྷ་སའི་མཐོ་རིམ་སློབ་འབྲིང་གཉིས་པ། མངའ་རིས་ལྷ་སའི་མཐོ་རིམ་སློབ་འབྲིང་། གྲོང་ཁྱེར་སྲིད་གཞུང་གི་ལས་གཞིའི་བགྲོད་ལམ་སོགས་ཚུད་ལ། དེའི་ནང་གི་རྣམ་གྲངས་དགུའི་ལས་གཞི་གཙོ་བོ་ད་ལོར་འགྲུབ་རྩིས་ཡོད་པ་རེད། གསར་འགོད་པས་ཨར་ལས་ལས་ཡུལ་དངོས་ནས་མཐོང་བ་ནི། ཁང་པའི་སྒྲིག་གཞི་གཙོ་བོ་དག་ལས་ཚར་འདུག་པ་དང་། ལས་བཟོ་པ་རྣམས་ཀྱི་ས་ངོས་དང་། གྱང་ཕྱིར་རྒྱན་གཏོང་བའི་ལས་ཀ་སྒྲུབ་བཞིན་པ་དེ་རེད།

    ཤེས་གསལ་ལྟར་ན། མིག་སྔར་སློབ་གསོ་གྲོང་གི་དྲོད་འདོན་ལས་གཞི་ཡང་དུས་མཉམ་དུ་སྒྲུབ་མུས་ཡིན་ལ། ད་ལོའི་ནང་ཡོངས་འགྲུབ་ཀྱི་འཆར་གཞི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག