མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྤྱི་ཟླ1པོ་ནས་སྤྱི་ཟླ10བའི་བར་ཆབ་མདོ་ས་ཁུལ་གྱི་ཁེ་ལས་གཙོ་བོའི་དཔྱ་ཁྲལ95%འཕར་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-15 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་རྒྱལ་ཁབ་དཔྱ་ཁྲལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ10བའི་བར་ཆབ་མདོ་ས་ཁུལ་གྱི་དཔྱ་ཁྲལ་འཇལ་བའི་དངུལ་འབོར་སྒོར་ཁྲི100ཡན་གྱི་ཁེ་ལས་གཙོ་བོ་བསྡོམས་པས32ཡོད་དེ། བསྡོམས་པས་རིགས་སོ་སོའི་དཔྱ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར5.95མཛོད་དུ་བཅུག་ཤིང་། ཟླ་བ་སྔོན་མ10ཡི་དཔྱ་ཁྲལ་ཡོང་སྒོ་སྤྱིའི62.3%ཟིན་པ་དང་། ལོ་སྔོན་མའི་དུས་མཉམ་ལས95%འཕར་ཡོད་པ་རེད།

ད་ལོའི་རིང་ལ། ཁེ་ལས་གཙོ་བོ་དག་གི་མ་མཐུད་དུ་མགྱོགས་མྱུར་སྒོས་གོང་དུ་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ་ལས་སྔོན་མའི་ཟླ10ཡི་དཔྱ་ཁྲལ་ཡོང་སྒོ་འཕར་སྣོན་བྱུང་བར་འགན་སྲུང་བྱས་ཡོད་ཅིང་། ཁེ་ལས་གཙོ་བོའི་དཔྱ་ཁྲལ་འཇལ་བའི་སྒྲིག་གཞི་སྟེང་ནས་ལྟོས་ན། སྒོར་ཁྲི5000ཅན་གྱི་ཁེ་ལས2ཁེ་ལས་གཙོ་བོ་ཡིས་དཔྱ་ཁྲལ་འཇལ་བའི་བསྡུར་ཚད་གྱི53.8%ཟིན་པ་དང་། ཁེ་ལས་གཙོ་བོ་ཡིས་དཔྱ་ཁྲལ་འཇལ་བའི་ཡོང་སྒོ་འཕར་སྣོན་གྲངས་འབོར་གྱི86.7%ཟིན། སྒོར་ཁྲི500མན་གྱི་ཁེ་ལས་གྲངས་ཀ་ཁེ་ལས་སྤྱི་གྲངས་ཀྱི71.9%ཟིན་པ་དང་། ཁེ་ལས་གཙོ་བོ་ཡིས་དཔྱ་ཁྲལ་འཇལ་བའི་བསྡུར་ཚད་གྱི17.6%ཟིན་ལ། ཁེ་ལས་གཙོ་བོའི་དཔྱ་ཁྲལ་འཇལ་བའི་ཡོང་སྒོ་འཕར་སྣོན་གྲངས་འབོར་གྱི5.9%བཅས་ཟིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག