མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རིགས་རྩོམ་པ་པོ་འགའ་ཀྲུང་གོའི་གྲངས་ཉུང་མི་རིགས་དེང་རབས་རྩོམ་རིག་གླེང་སྟེགས་སུ་ཞུགས།

  ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།  2013-11-15 09:58

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས11ནས་ཚེས12བར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་མཉམ་སྐྲུན་པུའུ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་བཅས་མཉམ་འབྲེལ་སྒོས་སྒྲུབ་པའི2013ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་དེང་རབས་རྩོམ་རིག་གླེང་སྟེགས་དེ་པེ་ཅིང་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དུ་སྤེལ་ཞིང་། དེར་སྡོམ་པས་གྲངས་ཉུང་མི་རིགས་རྩོམ་གཞུང་ལུགས་དང་གསར་སྐྲུན་ཁྱབ་ཁོངས་སུ་ལོ་མང་པོར་རྐང་སུག་པའི་དབང་གྲགས་ཅན་དང་ཚབ་མཚོན་པ། ཤུགས་རྐྱེན་ཟབ་མོ་བཅས་ཐེབས་པའི་རྩོམ་པ་པོ་དང་། དཔྱད་འཇོག་པ། ཤེས་ཡོན་པ་སོགས་མི44གདན་འདྲེན་བྱས།

གྲོས་ཚོགས་དེར་ཞུགས་པའི་བོད་རིགས་དཔྱད་འཇོག་པ་དང་རྩོམ་པ་པོ་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་གཞོན་པ་རྟ་མགྲིན་འཚོ་དང་། ལན་གྲུ་རིག་རྩིས་སློབ་གླིང་གི་དགེ་རྒན་ཆེན་མོ་ཡན་དབྱིན་ཤུའུ། བོད་མིའི་རིག་གནས་དྲ་བའི་རྩོམ་རིག་ལེ་ཚན་གྱི་རྩོམ་སྒྲིག་པའམ་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་གངས་ཅན་གསོམ་སྡོང་སོགས་གདན་འདྲེན་ཞུས་ཡོད་ཅིང་། གྲོས་ཚོགས་སྟེང་གངས་ཅན་གསོམ་སྡོང་གིས་བོད་པའི་རྒྱ་ཡིག་རྩོམ་རིག་སྤྱི་བསྡོམས་ཤུགས་དྲག་པ་དང། བོད་པའི་རྒྱ་ཡིག་རྩོམ་རིག་གི་ཐོལ་བརྒལ་མངོན་གསལ་ཡིན་པ། བོད་པའི་རྒྱ་ཡིག་རྩོམ་རིག་གི་དཀའ་གནད་སྔར་བཞིན་ལྡན་པ་བཅས་ཕྱོགས་གསུམ་གྱི་སྒོ་ནས《དུས་རབས་གསར་བ་ནས་བཟུང་བོད་པའི་རྒྱ་ཡིག་རྩོམ་རིག་གི་ཐོལ་བརྒལ་དང་དཀའ་གནད》ཅེས་པའི་གཏམ་བཤད་སྤེལ།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག