མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱི་དབུལ་ཕོངས་ཁྱིམ་ཚང6000གླ་བདེ་སྡོད་ཁང་ནང་འདུག་ཐུབ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-15 09:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་གསར་དུ་བསྐྲུན་པའི་གླ་བདེ་སྡོད་ཁང6000ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་དེ། དབུལ་ཕོངས་ཁྱིམ་ཚང6000ད་ལོར་རིམ་བཞིན་སྡོད་ཁང་ནང་འདུག་པར་བཀོད་སྒྲིག་བྱེད་རྒྱུ་རེད།

རྒྱུས་ལོན་པ་ན་ལྟར་ན། 2013ལོར། བོད་ལྗོངས་ཀྱིས་ས་ཁུལ7དང་རྫོང74རུ་གླ་བདེ་སྡོད་ཁང6000གསར་དུ་འཛུགས་སྐྲུན་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར7བཏང་བ་དང་། སྤྱིའི་འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི30ཡོད་ལ། ད་ལོར་རིམ་བཞིན་སྡོད་ཁང་དུ་འདུག་པར་བཀོད་སྒྲིག་བྱེད་རྒྱུ་རེད། དེ་དང་ཆབས་ཅིག གླ་བདེ་སྡོད་ཁང་དུ་འདུག་པའི་ཆ་རྐྱེན་དང་མཐུན་པའི་མི་གཅིག་ཅན་དང་མི་གཉིས་ཅན་གྱི་གྲོང་རྡལ་གྱི་ཡོང་སྒོ་དམའ་བའི་ཁྱིམ་ཚང་ལ་སྡོད་ཁང་གླ་གཏོང་ཁ་གསབ་དངུལ་སྟེར་བའི་རྣམ་པ་བརྒྱུད་དེ་སྡོད་ཁང་འགན་སྲུང་གི་ཁྱབ་ཁོངས་ཁྲོད་བཅུག་པས། 2013ལོར“འགན་སྲུང་བྱེད་དགོས་པ་ཡོད་ཚད་འགན་སྲུང་བྱེད་པའི”དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་ཐུབ། དེ་བས་བོད་ལྗོངས་ཀྱི་གྲོང་རྡལ་སྡོད་ཁང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གླ་བདེ་སྡོད་ཁང་འཛུགས་སྐྲུན་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་བསྟུན་ནས། གྲོང་རྡལ་གྱི་ཡོང་སྒོ་དམའ་བའི་ཁྱིམ་ཚང་སྐོར་ཞིག་དམངས་ཕན་སྲིད་ཇུས་ལེགས་པོ་འདི་ལས་ཁེ་ཕན་ཐོབ་ཐུབ་པས། ཁྱིམ་ཚང་ཚང་མར་སྡོད་ཁང་ཡོད་པ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག