མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་ལུས་རྩལ་དམངས་ཕན་བཟོ་འགོད་ལག་བསྟར་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-14 11:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མང་ཚོགས་རྣམས་བག་ཕེབས་པའི་ཁོར་ཡུག་ཁྲོད་ཚན་རིག་ལྡན་པའི་ལུས་སྦྱོང་ཡོ་བྱེད་བེད་སྤྱོད་ཐུབ་ཆེད། བོད་ལྗོངས་ལུས་རྩལ་སྡེ་ཁག་གིས་ད་ལོའི་ལུས་རྩལ་བྱ་བའི་ཚོགས་འདུའི་དགོངས་དོན་ལྟར། རྒྱལ་དམངས་ལུས་ཁམས་ཞིབ་དཔྱད་ཚད་ལེན་བྱ་བ་ཧུར་ཐག་ངང་སྤེལ་ནས། ལུས་སྦྱོང་ཡོ་བྱེད་ཡོངས་སུ་ཁྱབ་པའི་མངའ་ཁོངས་རྒྱ་བསྐྱེད་དེ། ལུས་སྦྱོང་ཡོ་བྱེད་རོང་འབྲོག་ཁུལ་དང་། འདུས་སྡོད་ཁུལ། དགོན་སྡེ། ལས་ཁུངས་དང་ཁེ་ལས་བཅས་སྡེ་ཁག་ཏུ་སྐྱེལ་བར་རྩ་འཛུགས་ནན་མོ་བྱས་ནས། ནུས་ཤུགས་ཡོད་དགུའི་རིགས་སོ་སོའི་ལུས་རྩལ་བྱ་འགུལ་སྤེལ་བས། ལུས་རྩལ་དམངས་ཕན་བཟོ་འགོད་ལ་མང་ཚོགས་རྣམས་ཀྱིས་དགའ་བསུ་ཡག་པོ་ཐོབ།

མིག་སྔའི་བར་དུ། བོད་ལྗོངས་ཀྱིས་མ་དངུལ་རིན་ཐང་སྒོར་ཁྲི1000ལྷག་གི་རིགས་སོ་སོའི་དམངས་ཡོངས་ལུས་སྦྱོང་ཡོ་བྱེད་ཆ་ཚང500ལྷག་སྤྲད་པ་དང་། བོད་ལྗོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་རིན་ཐང་སྒོར་ཁྲི80ལྷག་གི་དབང་བོ་སྐྱོན་ཅན་གྱི་ཁང་བའི་ནང་གི་ལུས་སྦྱོང་གསོ་བཅོས་ཡོ་བྱེད6ལེགས་སྐྱེས་སུ་ཕུལ། དེ་མིན2012ལོའི་ཀྲུང་དབྱང་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རང་ལྗོངས་ཀྱི་སྤྱི་བའི་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི4675དངོས་འབེབས་བྱས་པས། དོན་དངོས་དང་བསྟུན་པའི་སྒོ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེ་རོང་འབྲོག་མང་ཚོགས་ཀྱི་ལུས་སྦྱོང་བྱ་འགུལ་སྤེལ་སའི་ཆ་རྐྱེན་ཇེ་ལེགས་ས་བཏང་བས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག