མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གསར་དུ་བསྐྲུན་པའི་གནམ་གཤིས་བབ་བསྟུན་མ་ལག་བེད་སྤྱོད་བྱེད་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-14 10:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ་བ་གཅིག་རིང་གི་འཛུགས་སྐྲུན་བྱས་པ་བརྒྱུད། བོད་ལྗོངས་ཀྱིས་གསར་དུ་བསྐྲུན་པའི《ཞིང་ཆེན་རིམ་པའི་བབ་བསྟུན་སྟེགས་བུ་འཛུགས་སྐྲུན་དང་སྡེ་ཁག་མཉམ་འབྲེལ་མཉམ་མཐུད་མ་ལག》ཉེ་སྔོན་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།

རྒྱུས་ལོན་པ་ལྟར་ན། མ་ལག་འདིས་ཕན་ནུས་ལྡན་པའི་སྒོ་ནས་བཀའ་ཕབ་པ་དང་བབ་བསྟུན་བརྡ་འཕྲིན་གཏོང་ཐུབ་ཏེ། བབ་བསྟུན་དོ་དམ་ནུས་བ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་ཐུབ། རྣམ་གྲངས་འདི་ལས་བབ་བསྟུན་ལས་རེས་ཁུལ་དང་འཚོ་སྡོད་ཁུལ་ལ་བཅོས་བསྒྱུར་བྱས་ཤིང་། ཕན་ནུས་ལྡན་པའི་ངང་ནས་ལས་བྱེད་ཁུལ་དང་འཚོ་སྡོད་ཁུལ་གཉིས་གཅིག་དུ་གནས་བའི་གནད་དོན་ཐག་གཅོད་བྱས། མ་ལག་འདི་ལེགས་འགྲུབ་བྱུང་རྗེས། གནམ་གཤིས་གནོད་འཚེ་དོན་རྐྱེན་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་འོས་འཚམ་ངང་བབ་བསྟུན་བྱེད་ཐུབ་ལ། འབྲེལ་ཡོད་སྡེ་ཁག་བར་ཀྱི་བབ་བསྟུན་མཉམ་འབྲེལ་ལ་ཡང་ཤུགས་སྣོན་བྱས་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་ཐུབ་པ་མ་ཟད། གནམ་གཤིས་གནོད་སྐྱོན་ལས་འབྱུང་བའི་དཔལ་འབྱོར་གྱོང་གུད་ཀྱང་ཇེ་ཉུང་དུ་གཏོང་ཐུབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག