མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་མ་དངུལ་སྒོར་བྱེ་བ1བཏང་ནས་ད་ཡོད་ཀྱི་མཁྱེན་ལུགས་ལྡེབས་རིས་ཆེ་ཤོས་དང་ཆ་ཚང་ཤོས་ལ་སྲུང་སྐྱོབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-13 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་བོད་ལྗོངས་ལྷོ་ཁ་གོང་དཀར་ཆོས་སྡེ་དགོན་གྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་སྤྱི་ཟླ11པར་ལེགས་གྲུབ་བྱ་རྒྱུའི་སྔོན་གཏན་འཁེལ་བའི་དགོན་སྡེའི་རྩ་ཆེའི་ལྡེབས་རིས་ཉམས་གསོའི་ལས་གཞིའི་དུས་མཚམས་དང་པོའི་གནའ་བོའི་བཟོ་སྐྲུན་ཉམས་གསོ་བྱ་རྒྱུའི་སྔོན་དཔག་དུས་ཚོད་སྤྱི་ལོ2014ལོའི་སྤྱི་ཟླ5བའི་བར་ནར་འགྱངས་བཏང་ཡོད་པ་རེད། ལས་གཞིར་མ་དངུལ་སྒོར་ས་ཡ3ཁ་སྣོན་བརྒྱབ་ནས་སྒོར་བྱེ་བ1.1ལྷག་ཟིན་ཡོད་པ་རེད།

གོང་དཀར་ཆོས་སྡེ་དགོན་ནི་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་དུ་གནས་ཡོད་པ་དང་། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་བའི་དགོན་སྡེ་གཙོ་བོ་བཞིའི་གྲས་ཤིག་ཡིན་པ་དང་། བོད་ལྗོངས་ཀྱི་ད་ཡོད་མཁྱེན་ལུགས་སྡེབས་རིས་ཆེ་ཤོས་དང་ཆ་ཚང་ཤོས་དེ་གར་ཉར་ཚགས་བྱས་ཡོད་པ་རེད། འདི་ལོའི་སྤྱི་ཟླ3པར། བོད་ལྗོངས་ཀྱིས་དགོན་སྡེའི་ལྡེབས་རིས་ལ་ཉམས་གསོ་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་འགོ་བཙུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོང་དཀར་ཆོས་སྡེ་དགོན་གྱི་ལྡེབས་རིས་ཉམས་གསོའི་ལས་ཀ་ནི་དུས་རབས་གོང་མའི་ལོ་རབས80པ་ནས་འགོ་བཙུགས་ཡོད་པ་རེད། རྩ་ཆེའི་རིག་དངོས་དེར་སྲུང་སྐྱོབ་དེ་བས་ཡག་པ་ཐོབ་ཆེད། བོད་ལྗོངས་ཀྱིས་ད་ཐེངས་གཞི་ཁྱོན་ཆེ་བའི་ཉམས་གསོ་སྲུང་སྐྱོབ་ལས་གཞི་སྤེལ་ཡོད་པ་དང་། ལས་གཞི་ཡོངས་ལ་སྔོན་དཔག་བྱས་ན་དུས་ཚོད་ལོ་གཉིས་ནས་གསུམ་བར་དགོས་བ་རེད། མིག་སྔར། གོང་དཀར་ཆོས་སྡེ་དགོན་དེ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་གྲས་སུ་བཅུག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག