མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་གླིང་གི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2013-11-13 10:41

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གུང་གཞོན་ཚོགས་པ་བོད་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་ཀྱི་སྐབས་གསུམ་པའི“སྒུལ་བདེ་བུམ་པའི”སློབ་ཆེན་སློབ་མའི་སློབ་གླིང་རིག་གནས་སྒྱུ་རྩལ་དུས་ཆེན་དེ་བོད་ལྗོངས་མི་རིགས་སློབ་གླིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་བོད་ཀྱི་སློབ་ཆེན7གྱི་སློབ་མ5000ལྷག་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་ཁག་ནང་ཞུགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སློབ་གླིང་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་གླིང་། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གྲྭ ལྷ་ས་དགེ་འོས་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གྲྭ་བཅས་སློབ་ཆེན7བྱེད་སྒོ་ཁག18ནང་ཞུགས་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་སློབ་གླིང་རིག་གནས་སྒྱུ་རྩལ་དུས་ཆེན་དེ་སྤྱི་ཟླ11པའི་ཚེས30ཉིན་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་དུ་མཇུག་སྒྲིལ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག