མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་རོང་འབྲོག་པའི་ཁྱིམ་ཚང53000གྱིས་རྫབ་རླངས་བཀོད་སྤྱོད་བྱེད་ཐུབ་པ།

  ཡོང་ཁུངས། མི་དམངས་དྲ་བ།  2013-11-11 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ཞིང་སྡེའི་རྫབ་རླངས་འཛུགས་སྐྲུན་བྱ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། མིག་སྔའི་བར་དུ་ཞིང་སྡེའི་ཁྱིམ་ཚང53000ལ་རྫབ་རླངས་འཛུགས་སྐྲུན་བྱས་ཤིང་བཀོད་སྤྱོད་བྱེད་བཞིན་ཡོད། རྫབ་རླངས་བཟོ་འགོད་ས་གནས་ཆེ་ཤོས་དང་འབྲིང་ཤོས2ཡོད་པ་དང་། ཞིང་སྡེ་རྫབ་རླངས་ཀྱི་ཞབས་ཞུ་དྲ་གནས135ཡོད་དེ། ཞིང་སྡེ་རྫབ་རླངས་རྒྱུན་ལྡན་ངང་བཀོད་སྤྱོད་བྱེད་ཚད90%ཡན་ཟིན་ཡོད་པ་རེད།

ཞིང་སྡེའི་ཁྱིམ་ཚང་གིས་རྫབ་རླངས་བཀོད་སྤྱོད་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་རྗེས། ལྷོ་ཁ་ས་ཁུལ་གྱིས་ལོ་རེར་བུད་ཤིང་བེད་སྤྱོད་བྱེད་ཚད་ཏུན་ཁྲི10ཡན་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད། མི་རྣམས་ཀྱི་སྡོད་གནས་ཁོར་ཡུལ་ལེགས་བཅོས་ཆེན་པོ་བྱས་ཡོད་དེ། རོང་འབྲོག་པའི་འཚོ་བའི་ཆུ་ཚད་ཀྱང་ཇེ་མཐོར་བཏང་ཡོད་པ་རེད། རྒྱུས་ལོན་པ་ལྟར་ན། ལྷོ་ཁ་ས་ཁུལ་གྱིས་མཚོ་ངོས་ལས་མཐོ་ཚད་སྨི4500ཡོད་པའི་སྣང་དཀར་རྩེ་རྫོང་གི་མངར་བྲག་ཤང་ནས་ཤེལ་རྫའི་རྫབ་རླངས་རྫིང་བུ་ཁྱིམ་ཚང150ལ་འཛུགས་སྐྲུན་བྱས་ཤིང་། མཚོ་ངོས་ལས་མཐོ་ཚད་སྨི5300ཡོད་པའི་སྣང་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ས་མཚམས་གྲོང་ཚོ་རུ་རྫབ་རླངས་ལ་མེ་སྒྲོན་པ་བདེ་བླག་ངང་མངོན་འགྱུར་བྱས་བས། ས་བབ་མཐོ་བའི་ས་ཁུལ་དུ་རྫབ་རླངས་འཛུགས་སྐྲུན་བྱས་མེད་པའི་སྟོང་ཆ་སྐོང་བ་རེད། དེ་མིན་ལྷོ་ཁ་ས་ཁུལ་གྱིས་གནོད་མེད་སྔོ་ཚལ་ལྟེ་གནས་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་ལེགས་པོ་བྱུང་བ་མངོན་འགྱུར་བྱས་པས་རོང་འབྲོག་པའི་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག