མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མེ་ཏོག་གཞུང་ལམ་དེ་ཡུལ་དེ་གའི་ཤིང་ཏོག་འདྲེན་ཐག་ཏུ་འགྱུར་བ།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-11-10 22:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།

    གནམ་གཤིས།

    མེ་ཏོག་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚ་ཁུལ་གྱི་བཞའ་རློན་ས་ཁུལ་དུ་ཆགས་ཡོད་ཅིང་། ལོའི་ཆ་སྙོམས་དྲོད་ཚད༡༦℃དང་། ཟླ༡པོར་དྲོད་ཚད༨.༤℃ ཟླ༧པར་དྲོད་ཚད༢༢.༦℃ཡིན་ལ། ཆེས་མཐོ་བའི་དྲོད་ཚད༣༠℃ལས་བརྒལ། རྩི་ཤིང་རིགས་མང་ལ་རྩི་ཤིང་སྐྱེས་སའི་ས་དབྱིབས་རྙོག་འཛིང་ཡིན་པ། ཧ་ལམ་ས་མཐོའི་གྲང་ཁུལ་རྩི་ཤིང་ནས་དྲོད་ཁུལ་རྩི་ཤིང་གང་ཡིན་སྐྱེས་ཐུབ་པ་མ་ཟད། ཐུན་མིན་གྱི་གནམ་གཤིས་ཀྱིས་མེ་ཏོག་རྫོང་དུ“རྩི་ཤིང་སྐྱེ་གནས་རིགས་ཀྱི་རང་བྱུང་གི་རྟེན་མཛོད་ཁང”ཞེས་པའི་མཚན་སྙན་ཡོད།

    ཐོན་རྫས།

    མེ་ཏོག་རྫོང་ཞིང་ཕྱུགས་ཅུད་ཀྱི་ཅུད་ཀྲུང་གཞོན་པ་ཡོན་ཡུས་ཀེས་ངོ་སྤྲོད་ལྟར་ན། རི་སྐྱེས་ཤིང་ཏོག་པོ་ལུའོ་དང་། ཉིང་མེང་། ངང་ལག ཚ་ལུ་མ་སོགས་མེ་ཏོག་གི་ས་ཆ་གང་ས་མཐོང་རྒྱུ་ཡོད་ཅིང་། གནམ་གཤིས་དྲོད་གྲང་སྙོམས་པས་ཀུ་ཤུ་དང་། པོ་ལུའོ། ཚ་ལུ་མ་མངར་མོ་ཡང་སྐྱེས་ཐུབ། “མེ་ཏོག་ལ་ཤིང་ཏོག་འདེབས་འཛུགས་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཡོད་མོད། ཆེས་གཙོ་བོ་ནི་ཇི་ལྟར་ཕྱིར་གཏོང་རྒྱུ་དེ་རེད”ཟེར།

    གཞི་ཁྱོན། རྗེས་ཕྱོགས་ངང་ལག་གི་ལོ་རེའི་ཐོན་ཚད་རྒྱ་མ་ཁྲི་བརྒྱ་ལྷག་ལ་སླེབས་ཐུབ།

    མེ་ཏོག་རྫོང་ཞིང་ཕྱུགས་ཅུད་ཀྱི་ཅུད་ཀྲུང་གཞོན་པ་ཡོན་ཡུས་ཀེས་ངོ་སྤྲོད་ལྟར་ན། མེ་ཏོག་གི་གནས་གཤིས་ནི་ངང་ལག་རིགས་འདེབས་པར་ཧ་ཅང་མཐུན་ཞིང་། ས་ཆ་སོ་སོའི་གནམ་གཤིས་ཆ་རྐྱེན་མི་འདྲ་ཕྱིར། ངང་ལག་གི་རིགས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ས་ཁུལ་མང་པོའི་ངང་ལག་ཟས་ན་ཁ་ལ་ཞིམ། “མིག་སྔར་ང་ཚོས་ངང་ལག་ནི‘གཙོ་འདེབས’ཐོན་རྫས་སུ་བདམས་ཡོད་ཅིང་། ༢༠༠༨ལོ་ནས་ད་བར་དུ། རྫོང་ཡོངས་ཀྱི་ངང་ལག་འདེབས་ཚད་ཀྱི་རྒྱ་ཁྱོན་མུའུ༢༥༠༠ལ་སླེབས་ཟིན། ཚོད་དཔག་ལྟར་ན‘ལོ་ལྔ་ཚན་བཅུ་གཉིས་ཀྱི་མཇུག་ཏུ’མུའུ༣༠༠༠ལ་སླེབས་ཐུབ་མོད།” གནད་དོན་གཙོ་བོ་ནི་ངང་ལག་འདི་དག་ཇི་ལྟར་དུས་ཐོག་ཏུ་ཕྱིར་གཏོང་རྒྱུ་དེ་རེད་ཅེས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག