མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རྐང་འཁོར་གྱི་ཞབས་ཞུའི་ས་ཚིགས༡༥ཡི་མཁོ་བསྒྲིགས་སྒྲིག་འཇོག་བྱེད་འགོ་ཚུགས་པ།

རྩོམ་པ་པོ། ཟོན་ཐར་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-11-10 22:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གྲོང་མི་མང་པོ་ཞིག་གིས་ཉེ་ཆར་གླིང་སྐོར་བྱང་ལམ་དང་ར་མོ་ཆེའི་བསྣོལ་ལམ། རྫོང་རྒྱབ་གླུ་ཁང་། ལྷ་སའི་བརྒྱ་ཟོག་ཚོང་ར་སོགས་སུ་རྐང་འཁོར་འཇོག་སའི་ས་ཚིགས་ཡོད་པ་དང་། ས་ཚིགས་རེ་རེར་གྲལ་སྒྲིག་པའི་ལྗང་མདོག་གི་རྐང་འཁོར་འཇོག་སྒྲོམ་ཡོད་པ་མཐོང་ཐུབ། ཨར་ལས་པས་མཚམས་སྦྱར་བ་ལྟར་ན་སྤྱི་སྤྱོད་རྐང་འཁོར་ནི་ཐཱན་དམའ་ཁོར་སྲུང་གི་གྲོང་ཁྱེར་གཏོད་ཆེད་དང་འབགས་མེད་འགྲིམ་འགྲུལ་དང་ཐཱན་དམའ་འགྲོ་འོང་གི་དམིགས་ཚད་མངོན་འགྱུར་བྱ་ཆེད་ཁོ་ཚོས་ད་ལྟ་སྤྱི་སྤྱོད་རྐང་འཁོར་གྱི་འཇོག་སྒྲོམ་སྒྲིག་འཇོག་བྱེད་འགོ་ཚུགས་ཤིང་། ཚོད་ལྟ་བྱེད་རིང་ལྷ་ས་གྲོང་ཁྱེར་ཡོངས་སུ་སྤྱི་སྤྱོད་རྐང་འཁོར་ཞབས་ཞུའི་ས་ཚིགས༡༥དང་རྐང་འཁོར༥༠༠སྒྲིག་འཇོག་བྱ་རྒྱུ་ཡིན་པ་དང་། ས་ཚིགས༡༥ཡི་ཁྱབ་ཁོངས་ནི་མི་འབོར་འདུས་སྡོད་ཆེ་བའི་གནས་དང་ཚོང་ལས་འདུས་སྡོད་ཆེ་བའི་གནས། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་རེད།

    ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རྐང་འཁོར་གྱི་ཁྲལ་བསྡུའི་ཚད་གཞི་ནི་ཆུ་ཚོད་གཅིག་རིང་རིན་མི་ལེན་པར་བཀོལ་སྤྱོད་ཆོག་པ་དང་། ཆུ་ཚོད་གཅིག་བརྒལ་ཚེ་རྒྱུག་རིམ་ཚད་གཞི་ལྟར་ཁྲལ་བསྡུས་ནས་གྲོང་མིར་བོགས་གཏོང་བྱ་རྒྱུ་ཡིན་པ་དང་། བོགས་གཏོང་ལ་ཁཱ་སྤྱོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་གཡར་བའི་དུས་ཚོད་ནས་ཕྱིར་སྤྲོད་པའི་དུས་ཚོད་ལྟར་བོགས་གཏོང་དྲང་བདེན་གྱི་ཡིག་ཚགས་བཟོ་རྒྱུ་ཡིན་པ་རེད།

    ཁ་སང་ཕྱི་དྲོར་གསར་འགོད་པས་ར་མོ་ཆེའི་ལམ་དུ་ལྗང་མདོག་གི་གྲལ་ཕྲེང་ཉིས་སྒྲིག་བྱས་པའི་རྐང་འཁོར་འཇོག་སྒྲོམ་ནི་ར་མོ་ཆེའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་འགྲམ་དུ་སྒྲིག་འཇོག་བྱས་ཡོད་པ་དང་འཇོག་སྒྲོམ་གྱི་ཁ་དོག་ལྗང་གུ་ཡིན་པས་ལམ་འགྲོ་བ་མང་པོ་ཞིག་གིས་ཡ་མཚན་པའི་ངང་ལྟ་བཞིན་པ་མཐོང་།

    གསར་འགོད་པས་རགས་རྩིས་ཤིག་བྱས་པ་ན་འདི་རུ་རྐང་འཁོར་འཇོག་སྒྲོམ༣༠སྒྲིག་འཇོག་བྱས་ཡོད་པ་དང་འཇོག་སྒྲོམ་རེ་རེའི་སྟེང་དུ་ཁཱ་སྤྱོད་པའི་མཚོན་རྟགས་ཡོད་པ་དང་འགྲམ་དུ་རང་འདེམས་མཐུད་སྣེའི་སྒྲིག་ཆས་རེ་ཡོད། ར་མོ་ཆེའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་དམངས་དམག་དར་རྒྱས་ཀྱིས་ཨར་ལས་ཕྱོགས་ཀྱིས་བཤད་པ་ལྟར་ན་སྤྱི་སྤྱོད་རྐང་འཁོར་ཆར་བས་སྦང་ནས་འཕྲོ་བརླག་ཏུ་མི་འགྲོ་ཆེད་འདི་རུ་ད་དུང་ཆར་གདུགས་བཟོ་རྒྱུ་རེད་ཟེར།

    གསར་འགོད་པའི་རྩད་ཞིབ་བྱས་མཐར་ར་མོ་ཆེའི་ལམ་དང་རང་སྐྱོང་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཉེ་འགྲམ། ལྷ་སའི་བརྒྱ་ཟོག་ཚོང་ར། ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས། རྫོང་རྒྱབ་གླུ་ཁང་། གསེར་ཁང་བརྒྱ་ཟོག་ཚོང་ར་བཅས་ཀྱི་ཉེ་འགྲམ་དུ་སྤྱི་སྤྱོད་རྐང་འཁོར་འཇོག་སྒྲོམ་ཡོད་ཚད་སྒྲིག་འཇོག་བྱས་ཚར་ཡོད་པ་རྟོགས།

    རང་སྐྱོང་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་ཉེ་འགྲམ་དུ་གྲོང་མིས་ལྗང་མདོག་གི་རྐང་འཁོར་འཇོག་སྒྲོམ་ཡོད་པ་མཐོང་རྗེས་རང་ཉིད་ཀྱི་རྐང་འཁོར་འཇོག་སྒྲོམ་དུ་བཞག ལོ་འགའི་ཡར་སྔོན་དུ་ཧང་ཀྲིག་ཞི་ཧུའུ་ཉེ་འགྲམ་དུ་འདི་ལྟ་བུའི་རྐང་འཁོར་འཇོག་སྒྲོམ་བོགས་གཏོང་བྱེད་པ་ཡོད་ལ་སྔ་མོ་ནས་ཚད་ལྡན་དུ་གྱུར་ཡོད། གྲོང་མི་བློ་བཟང་གིས་ཁོ་རང་ནང་ལོགས་ཀྱི་གྲོང་ཁྱེར་མང་པོར་ཡུལ་སྐོར་དུ་འགྲོ་མྱོང་བ་དང་གྲོང་ཁྱེར་ཆེ་འབྲིང་ཁ་ཤས་སུ་སྤྱི་སྤྱོད་རྐང་འཁོར་བོགས་གཏོང་བྱེད་པ་ནི་ཡོངས་ཁྱབ་ཏུ་གྱུར་ཡོད་ཟེར།

    ཨར་ལས་ཕྱོགས་ཀྱིས་མཚམས་སྦྱར་བ་ལྟར་ན་གལ་ཏེ་གྲོང་མིས་རྐང་འཁོར་བོགས་གཏོང་བྱས་ནས་འགྲོ་འོང་བྱ་འདོད་ཚེ་སྤྱི་དམངས་ཐོབ་ཐང་དང་ཐེམ་ཐོ་ཁྱེར་ནས་ཐོ་འགོད་བྱེད་དགོས་པ་མ་ཟད་གཏའ་མའི་དངུལ་སྤྲད་རྗེས་སྤྱི་སྤྱོད་རྐང་འཁོར་སྤྱོད་པའི་ཁཱ་ལེན་ཆོག་པ་རེད་ཟེར།

    གསར་འགོད་པས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཅུས་དེའི་ལས་བྱེད་མི་སྣ་ཞིག་གིས་སྤྱི་སྤྱོད་རྐང་འཁོར་ཞབས་ཞུའི་ས་ཚིགས༡༥རྨང་གཞིའི་སྒྲིག་འགོད་ད་ལྟ་སྒྲིག་འཇོག་བྱེད་འགོ་ཚུགས་པ་མ་ཟད་རྐང་འཁོར༥༠༠ཉོ་སྒྲུབ་བྱས་ཡོད། ང་ཚོས་གནས་སྐབས་སུ་ཐག་གཅོད་བྱས་པའི་ཁྲལ་བསྡུའི་ཚད་གཞི་ནི་ཆུ་ཚོད་གཅིག་རིང་རིན་མི་ལེན་པར་བཀོལ་སྤྱོད་ཆོག་པ་དང་། ཆུ་ཚོད་གཅིག་བརྒལ་ཚེ་རྒྱུག་རིམ་ཚད་གཞི་ལྟར་ཁྲལ་བསྡུས་ནས་གྲོང་མིར་བོགས་གཏོང་བྱ་རྒྱུ་ཡིན་པ་དང་། བོགས་གཏོང་ལ་ཁཱ་སྤྱོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་གཡར་བའི་དུས་ཚོད་ནས་ཕྱིར་སྤྲོད་པའི་དུས་ཚོད་ལྟར་བོགས་གཏོང་དྲང་བདེན་གྱི་ཡིག་ཚགས་བཟོ་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག