མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོའི་འཇར་མན་གྱི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་ཕྱིར་དྲན།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-11-08 11:00


༢༠༡༣ལོའི་འཇར་མན་གྱི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་སྤེལ་བའི་ཡུལ་དངོས།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་ནི་ཟླ10བའི་ཚེས23ཉིན་ནས་ཚེས29ཉིན་བར་འཇར་མན་པེར་ལིན་དང་། མོ་ནེ་ཧེ། ཧན་པའོ་སོགས་གྲོང་ཁྱེར་ནས་སྤེལ་བ་དང་། བོད་ལྗོངས་ནས་ཡོང་བའི་འཁྲབ་སྟོན་པ་དང་། བོད་རིག་པ་བ། བོད་ཀྱི་གསོ་རིག་མཁས་པ། གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་པ། ཆོས་ལུགས་མི་སྣ་སོགས་མི་༤༨ཀྱིས་གླུ་གར་འཁྲབ་སྟོན་དང་། རིག་གཞུང་བརྗེ་རེས། ཐང་ག་འགྲེམ་སྟོན། དམངས་སྲོལ་རིག་གནས་སོགས་བྱེད་སྒོ་ཁག་བཞི་ཡི་ལས་འགན་འཁུར། བྱེད་སྒོ་དེ་དག་ལ་འཇར་མན་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་དང་མཐོང་ཆེན་བླ་ན་མེད་པ་ཐོབ།

ཟླ10བའི་ཚེས30ཉིན་འཐུས་ཚབ་ཚོགས་པའི་ཁོངས་མི་ཁག་བོད་ལྗོངས་ལྷ་སའི་གུང་དཀར་གནམ་གྲུ་ཐང་དུ་འབྱོར་ནས་ཤིན་ཧྭ་གསར་འགྱུར་དང་། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་བརྙན་འཕྲིན་ཁང་སོགས་མཚམས་སྦྱོར་ཚན་པ་ཁག་གིས་བཅར་འདྲི་ལ་དང་ལེན་གནང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག