མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དུ་རོང་འབྲོག་པ་མང་ཆེ་ཤས་བདེ་སྡོད་ཁང་དུ་གནས་སྤར་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-08 11:00


བདེ་སྡོད་བཟོ་འགོད་ལས་གསར་སྐྲུན་བྱས་པའི་ལུས་པོ་སྦྱོང་བརྡར་ར་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2013ལོའི་སྔོན་གྱི་དུས་ཚིགས་གསུམ་ནང་།  བོད་ལྗོངས་ཀྱི་བདེ་སྡོད་བཟོ་འགོད་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བཟོ་འགོད་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་།  ད་ལོའི་སྤྱི་ཟླ9བའི་ཟླ་མཇུག་བར།  བོད་ལྗོངས་ཀྱི་རོང་འབྲོག་པའི་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་དུད་ཁྱིམ36000ལྷག་གི་བདེ་སྡོད་བཟོ་འགོད་ལེགས་འགྲུབ་བྱུང་བ་དང་ལོ་ཡོངས་ཀྱི་འཛུགས་སྐྲུན་འཆར་གཞིའི69%ཟིན།

《བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤོག་དཀར་པོའི་དཔེ་ཆ་ལས2006ལོ་ནས་བཟུང་བདེ་སྡོད་བཟོ་འགོད་གཙོ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཞིང་སྡེའི་གསར་བ་འཛུགས་སྐྲུན་ལག་བསྟར་བྱས་པ་བརྒྱུད།  རྒྱ་ཆེའི་རོང་འབྲོག་པར་ཕན་བདེ་སྐྲུན།  2012ལོའི་ལོ་མཇུག་བར། ལྗོངས་ཡོངས་ནས་དུད་ཁྱིམ་ཁྲི40.83ལ་བདེ་སྡོད་ཁང་པ་གསར་སྐྲུན་བྱས་པ་དང་།  རོང་འབྲོག་པའི་སྤྱིའི་དུད་ཁྱིམ་གྱི88.7%ལ་སླེབས།  2013ལོའི་ལོ་མཇུག་བར།  རོང་འབྲོག་པ་ཡོངས་རྫོགས་བདེ་སྐྱིད་ཀྱི་ཁང་གསར་ནང་གནས་སྤར་ཐུབ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག