མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་མཁར་རྙིང་ཁུལ་གྱི་ཚོང་གནས3000ལྷག་བར་སྐོར་ཚོང་ར་རུ་གནས་སྤར་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-08 11:00


མི་འགྱངས་བར་ཚོང་སྒོ་ཕྱེ་རྒྱུ་ཡིན་པའི་བར་སྐོར་ཚོང་ར།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ11པའི་ཚེས7ཉིན།  ཨ་ཅེ་ཚེ་སྒྲོན་གྱིས་གྲོགས་པོས་རོགས་རམ་འོག  དངོས་ཟོག་སྣ་ཚོགས་འཁྱེར་ནས་བར་སྐོར་ཚོང་རར་སླེབས་པ་དང་།  མགྱོགས་མྱུར་ངང་རང་ཉིད་ཀྱི་ཚོང་ཟོག་སྣ་ཚོགས་གསར་དུ་བཟོ་བའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་གནས་ཏུ་བཤམས།  བྲེལ་འཚུབ་ཁྲོད་དུ་མོས་ད་དུང་བཀྲ་ཤིས་བའི་ཁ་བཏགས་དཀར་པོ་ཞིག་རང་ཉིད་ཀྱི་ཚོང་གནས་སྒོ་ཁ་རུ་བཀལ་བ་དང་ཚོང་རྒྱུག་པར་བཀྲ་ཤིས་སྨོན་འདུན་ཞུས།

 རྒྱུས་ལོན་པ་ལྟར་ན།  མཁར་རྙིང་ཁུལ་གྱི་སྡོད་དམངས་ཚོར་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་དང་།  མཁར་རྙིང་ཁུལ་གྱི་སྲུང་སྐྱོང་བཟོ་འགོད་བདེ་བླག་ངང་སྤེལ་ཆེད།  ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་ལོ་གཅིག་རིང་གི་མཁར་རྙིང་ཁུལ་གྱི་ཚོང་ཁང་གནས་སྤོར་བཟོ་འགོད་སྤེལ་འགོ་བརྩམས། སྤྱི་ཟླ11པའི་ཚེས6ཉིན།  མཁར་རྙིང་ཁུལ་གྱི་ཚོང་གནས་གནས་སྤོར་བརྒྱན་འཐེན་མཛད་སྒོ་བར་སྐོར་ཚོང་ར་རུ་སྤེལ་ཤིང་།  ཚོང་བ་ཚོས་བརྒྱན་འཐེན་གྱི་བྱ་ཐབས་བརྟེན་ནས་འདྲ་མཉམ་དང་དྲང་བདེན་གྱི་སྒོ་ནས་རང་རང་གི་ཚོང་གནས་བདམས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག