མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་ཁྱབ་བསྒྲགས་བྱས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-11-08 11:00

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཐུན་མོང་གྲོས་ཞིབ་དང་འདེམ་ཤོག་འཕེན་པར་བརྒྱུད། སྡོམ་པས་དཔྱད་འདེམ་སུ་ཞུགས་པའི་གྲུབ་འབྲས་རྣམ་གྲངས19ལ་སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་རྣམ་གྲངས་སྣ་ཚོགས་ཐོབ་པ་སྟེ། དེ་དག་སོ་སོ་ནི། རྒྱ་ཡིག་ཞིབ་འཇུག་ཆེད་དཔེའི་རྣམ་གྲངས3དང་། བོད་ཡིག་ཞིབ་འཇུག་ཆེད་དཔེའི་རྣམ་གྲངས3། རྒྱ་ཡིག་རིག་གཞུང་དཔྱད་རྩོམ་གྱི་རྣམ་གྲངས2། བོད་ཡིག་རིག་གཞུང་དཔྱད་རྩོམ་གྱི་རྣམ་གྲངས2། དབྱིན་ཡིག་གི་ཞིབ་འཇུག་གྲུབ་འབྲས་ཀྱི་རྣམ་གྲངས4། རྨང་གཞི་རྒྱུ་ཆའི་གྲུབ་འབྲས་ཀྱི་རྣམ་གྲངས5བཅས་རེད།

དེ་མིན། དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་སྐོང་མིང་འདེམ་ཤོག་འཕེན་པར་བརྒྱུད། 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》(བོད་ཡིག)ལ་སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་ཁྱད་འཕགས་བྱ་དགའ་དང་། འབུམ་རམས་པ་རྡོ་རྗེ་སྐྱབས་སོགས་མི་གསུམ་ལ་སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་གཟེངས་བསྟོད་བྱ་དགའ་ཐོབ།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག