མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཉིང་ཁྲི་རྫོང་ཀླུ་ནང་གྲོང་རྡལ་ལ“ཀྲུང་གོའི་ཆེས་མཛེས་བའི་གྲོང་རྡལ”ཞེས་པའི་མཚན་སྙན་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།  2013-11-07 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་དཔལ་འབྱོར་རླུང་འཕྲིན་དང་པོས་གྲོས་འགོ་བཏོན་པ་མ་ཟད་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཚུད་པའི་རླུང་འཕྲིན་ལས་ཁུངས50ཙམ་གྱིས་མཉམ་དུ་གཙོ་གཉེར་བྱས་པའི“2013ལོའི་ཀྲུང་གོའི་ཆེས་མཛེས་བའི་གྲོང་རྡལ”ཞེས་པའི་དཔྱད་འདེམས་མཇུག་སྒྲིལ་བ་དང་། བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀླུ་ནང་གྲོང་རྡལ་ལ་མང་པོའི་ཁྲོད་ནས“ཀྲུང་གོའི་ཆེས་མཛེས་བའི་གྲོང་རྡལ”ཞེས་པའི་བྱ་དགའ་རིམ་པ་མཐོ་ཤོས་ཏེ“དཔེ་སྟོན་བྱ་དགའ”ཐོབ་ཡོད་པ་རེད།

ཉེ་ལམ་ལོ་ཤས་རིང་། ཀླུ་ནང་གྲོང་རྡལ་གྱིས་མཛེས་ཤིང་ལྟ་ན་སྡུག་པའི་ས་མཐོའི་ཉམས་འགྱུར་ལ་བརྟེན་པ་དང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་དཔུང་ཁག་དྲུག་པ་དང་བདུན་པས་འབད་བརྩོན་བྱས་པ་བརྒྱུད། ཉིང་ཁྲི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འགོ་ཁྲིད་དང་རྒྱབ་སྐྱོར་གནང་བ་བཅས་ཀྱི་འོག གོ་རིམ་ལྡན་པའི་ངང་ཉིང་ཁྲི་དང་བོད་ལྗོངས། རྒྱལ་ཡོངས་བཅས་ཀྱི་ནང་འབུར་དུ་ཐོན་ཡོད་པ་དང་། འཛམ་གླིང་ཐོག་བསྐྱོད་པའི་མཛེས་སྡུག་ལྡན་པའི་ཕུགས་བསམ་མངོན་འགྱུར་བྱེད་བཞིན་ཡོད་པ་རེད།  །

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག