མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་མི་གྲངས་ཁྲི32.9ལ་སླེབས་པ་དང་སྤྱིའི་མི་གྲངས་ཀྱི་བཅུ་ཆའི་གཅིག་ཟིན་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-11-06 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2007ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་མཐོང་ཆེན་དང་ཐུགས་ཁུར་འོག བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་ཞིང་སྡེའི་འགན་སྲུང་ལྔ་གསོ་སྐྱོང་ལམ་ལུགས་རྨང་གཞི་རུ་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་ཀྱི་གཞོགས་འདེགས་འོག གནས་སྐབས་ཀྱི་འཚོ་བའི་རོགས་སྐྱོར་ལམ་ལུགས་དང་། ཟོག་གོང་ཁ་གསབ་ལམ་ལུགས་བཅས་ཁ་སྣོན་རྒྱབ་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་སྡོད་དམངས་ཡོངས་ལ་ཁྱབ་ཡོད་པས། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་དངོས་ཡོད་དཀའ་ཁག་ཕན་ནུས་ལྡན་པའི་ངང་ཐག་གཅོད་བྱས།

མིག་སྔའི་བར་དུ། རང་སྐྱོང་ལྗོངས་ཀྱིས་ཐེངས་དྲུག་ལ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། འགན་སྲུང་ལྔའི་གསོ་སྐྱོང་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་བ་དང་། ལྗོངས་ཡོངས་ཀྱི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་མི་གྲངས་ཁྲི32.9དང་། མི་ཐེངས་ཁྲི14ལྷག་སྨན་བཅོས་རོགས་སྐྱོར་བེད་སྤྱོད་པ་ཐག་གཅོད་བྱས། 2011ལོར་ལྗོངས་ཡོངས་ཀྱིས་གནས་སྐབས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི776ལྷག་གྲོང་སོང་བཏང་ཡོད་ལ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་མཁན་དང་། འགན་སྲུང་ལྔ་ཐོབ་མཁན། གཟིགས་སྐྱོང་བྱ་ཡུལ་མི་ཁྲི39.6ལྷག་ལ་རིན་གོང་གི་གནས་སྐབས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1ལྷག་རྩིས་སྤྲོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག