ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་སྐབས་དང་པོའི་མི་རིགས་ཤང་གི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དེ་ལྷ་ས་རུ་བསྡུས་པ་དང་ས་ཁུལ3དང་རྫོང6གི་མི་རིགས་ཤང9ནས་ཡོང་བའི་ཤང་ཀྲང་དང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི། ཤང་ཏང་སྲིད་གཞུང་ལས་ཁང་གི་འགན་ཁུར་མི་སྣ30ལྷག་ཟབ་སྦྱོང་ནང་ཞུགས་ཡོད་པ་རེད།
ཟབ་སྦྱོང་འཛིན་གྲྭས་ནན་ཏན་ངང“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་དགོས”ཞེས་པའི་བརྗོད་བྱ་གཙོ་བོ་དང་འབྲེལ་ནས་གཉེར་བ་དང་སློབ་མ་རྣམས་ལ་གོ་རིམ་ལྡན་པའི་ངང་ནས་རིགས་གཞུང་ཟབ་སྦྱོང་བྱས་པས། སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཟབ་སྦྱོང་བྱས་པ་བརྒྱུད་གོ་རིམ་ལྡན་པའི་ངང་ནས་ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་འཇུས་རྒྱུས་ལོན་དང་ཁོང་དུ་ཆུད་པ་མ་ཟད་ཁྱོན་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང《མི་རིགས་ཤང་གི་སྲིད་འཛིན་ལས་དོན་གྱི་སྲོལ་ཡིག》ལག་བསྟར་གཏིང་ཟབ་ཡོང་བའི་ཡིད་ཆེས་ཀྱི་འདུན་པ་བཟང་པོ་སྐྱེས་བྱུང་ཅེས་བརྗོད་ཡོད་པ་རེད། །