མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་པའི་ཡོན་གནས་གནང་བའམ་ཡོངས་འཛིན་གྱི་འཛིན་ཡིག་གནང་བའི་མཛད་སྒོ་བསྡུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-06 10:42

བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

སྤྱི་ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོར་པེ་ཅིན་གྱི་དགོན་སེར་ནུབ་མ་ཀྲུང་གོའི་བོད་སྐད་ཡིག་མཐོ་རིམ་ནང་བསྟན་སློབ་གླིང་ནས་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་སྐབས་དགུ་བའི་མཐོ་རིམ་འཛིན་གྲྭ་སྟེ་དགེ་ལུགས་པ་དང་ཇོ་ནང་བའི་སློབ་མ11ལ་ཡོན་གནས་སྤྲད་པ་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས4ཉིན། སྐབས་དགུ་བའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་པའི་ཡོན་གནས་གནང་བའམ་སྐབས་གཉིས་པའི་ཡོངས་འཛིན་གྱི་འཛིན་ཡིག་གནང་བའི་མཛད་སྒོ་དེ་པེ་ཅིན་གྱི་ནུབ་ཀྱི་ལྷ་ཁང་སེར་པོའི་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་པ་རེད།

དགེ་ལུགས་པ་དང་ཇོ་ནང་བའི་སློབ་མ11རྟགས་གསལ་གཏོང་བ་དང་དཔྱད་རྩོམ་བགྲོ་གླེང་སོགས་མཐོ་རིམ་པའི་ཡོན་གནས་ཀྱི་རྒྱུག་གཞི་རབ་དང་རིམ་པ་བརྒྱུད་མཐར་ཀྲུང་གོའི་ནང་བསྟན་སློབ་གླིང་གི་སྐབས་དགུ་བའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་པའི་ཡོན་གནས་ཐོབ་ཅིང་། རྙིང་མ་བ་དང་ས་སྐྱ་བ། དགེ་ལུགས་པ། བོན་པོ་བཅས་ཀྱི་ཡོངས་འཛིན་གྱི་འདེམ་སྒུག་པ་མི19ལ་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོངས་འཛིན་གྱི་འཛིན་ཡིག་ཐོབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག