མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ཁྲོད་ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་བཟོ་འགོད61ལག་བསྟར་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-04 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་དོ་དམ་བྱ་བའི་སྐུལ་སྤེལ་ཚོགས་འདུ་སྟེིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ནུས་ཤུགས་འཛུགས་སྐྲུན་རྣམ་གྲངས་དང་། སྐྱེ་ཁམས་བདེ་འཇགས་འགོག་རགས་ལྟ་ཞིབ་ཚད་ལེན་རྣམ་གྲངས། རང་སྐྱོང་ལྗོངས་ཀྱི་ཉེན་ཡོད་ཟོག་རོ་བཀོད་སྒྲིག་ལྟེ་གནས་རྣམ་གྲངས་སོགས་རིགས་སོ་སོའི་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་འཕེལ་རིམ་བདེ་བླག་ཡིན་པ་རེད།

སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་རྣམ་གྲངས་ཁྲོད། ལྷ་སའི་སྐྱིད་ཆུའི་འབྱུང་ཡུལ་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་གྱི་དུས་རིམ་དང་པོ་བཟོ་འགོད་ཇུས་འགོད་བྱེད་བཞིན་པའི་སྒང་ཡིན་ལ། ལྷ་སའི་སྐྱིད་ཆུའི་འབྱུང་ཡུལ་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་གྱི་དུས་རིམ་གཉིས་བའི་བཟོ་འགོད་དང་། ཡར་ཀླུང་གཙང་བོའི་འབྱུང་ཡུལ་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་གྱི་དུས་རིམ་དང་པོའི་བཟོ་འགོད་ལག་བསྟར་བྱེད་ཆོག་པའི་སྙན་ཞུ་བཀོད་ནས་ལེགས་འགྲུབ་བྱུང་། ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་རྣམ་གྲངས་ཁྲོད། འཆར་གཞི་ལྟར་བཀོད་སྒྲིག་བྱས་པའི་ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་རྣམ་གྲངས97གྱི་གྲ་སྒྲིག་བྱ་བ་ཡོངས་རྫོགས་ལེགས་འགྲུབ་བྱུང་། མིག་སྔའི་བར་དུ། བསྡོམས་པས་མ་དངུལ་སྒོར་ཁྲི8700ལྷག་བཏང་ཡོད་པ་དང་། ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་བཟོ་འགོད61ལག་བསྟར་བྱས། དེའི་ཁྲོད། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་ས་ཁུལ་གྱིས་བཟོ་འགོད་ཕལ་ཆེར་ལག་བསྟར་བྱས་ཟིན་པ་རེད། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག