མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱི་གནས་སྐོར་ཚོང་ར་བརྟན་རླིང་ངང་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ལྷོ་ཁའི་དྲ་བ།  2013-11-04 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་གནས་སྐོར་ལས་རིགས་ས་གནས་དེའི་ཏང་ཨུ་དང་ཐད་གཏོགས་ལས་ཁུངས་ཀྱིས་མཐོང་ཆེན་གནང་སྟེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བའི་སྣེ་ཁྲིད་འོག གནས་སྐོར་ཐོན་ལས་ཇེ་ཆེར་གཏོང་བར་དམིགས་འབེན་དུ་བཞག་ནས། གནས་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པར་ཤུགས་བསྣན་པ་དང་། ལྷོ་ཁའི་གནས་སྐོར་གྱི་རྣམ་པ་ཡག་པོ་བསྐྲུན་ཏེ། གནས་སྐོར་ཐོན་ལས་ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་བ་བརྒྱུད། གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་བས། གནས་སྐོར་སྣེ་ལེན་མི་གྲངས་དང་ཡོང་སྒོ་བརྟན་རླིང་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱས་པ་རེད།

བསྡོམས་རྩིས་བྱས་པ་ལྟར་ན། 2013ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ10བའི་བར་ལྷོ་ཁ་ས་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས1536107སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས18%འཕར། དེའི་ནང་ཕྱི་རྒྱལ་ནས་ཡོང་བའི་ཞག་སྡོད་གནས་སྐོར་བ་མི་ཐེངས8945སྣེ་ལེན་བྱས་པ་དང་ལོ་སྔོན་མའི་དུས་མཉམ་ལས4%འཕར། རྒྱལ་ནང་གི་གནས་སྐོར་བ་མི་ཐེངས1527162སྣེ་ལེན་བྱས་པ་དང་ལོ་སྔོན་མའི་དུས་མཉམ་ལས18%འཕར་ཡོད་དེ། གནས་སྐོར་ཡོང་སྒོ་སྒོར་ཁྲི43222མངོན་འགྱུར་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས31%འཕར། དེའི་ནང་། རྒྱལ་ནང་གི་གནས་སྐོར་ཡོང་སྒོ་སྒོར་ཁྲི41920སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས32%འཕར། གནས་སྐོར་ཕྱི་རྒྱལ་དངུལ་བརྗེས་ཀྱི་ཡོང་སྒོ་ཨ་སྒོར་ཁྲི211.2ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས5%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག