མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོའི་བོད་ལྗོངས་རྩྭ་ཐང་ཁུལ་གཙོ་བོའི་གཟན་རྩྭ་ཐོན་ཚད་ན་ནིང་ལས་གོང་དུ་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-02 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ཁྱབ་བསྒྲགས་བྱས་པའི《2013ལོའི་བོད་ལྗོངས་རྩྭ་ཐང་ཁུལ་གཙོ་བོའི་གཟན་རྩྭ་སྐྱེ་ཚུལ་གྱི་གནམ་གཤིས་ཆ་རྐྱེན་དབྱེ་ཞིབ》སྙན་ཞུ་ལས་མངོན་པ་ལྟར་ན། 2013ལོར་བོད་ལྗོངས་ཀྱི་རྩྭ་ཐང་ཁུལ་གཙོ་བོའི་གཟན་རྩྭ་སྐྱེ་ཚུལ་ན་ནིང་ལས་ཅུང་ལེགས་ལ། གཟན་རྩྭའི་ཐོན་ཚད་ཀྱང་ན་ནིང་ལས་ཇེ་མང་ལ་སོང་ཡོད།

《2013ལོའི་བོད་ལྗོངས་རྩྭ་ཐང་ཁུལ་གཙོ་བོའི་གཟན་རྩྭ་སྐྱེ་ཚུལ་གྱི་གནམ་གཤིས་ཆ་རྐྱེན་དབྱེ་ཞིབ》ནི་བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས2013ལོའི་ལྗོངས་ཡོངས་ཀྱི་རྩྭ་ཐང་ཁུལ་གཙོ་བོའི་གཟན་རྩྭ་སྐྱེ་བའི་དུས་ཚིགས་ཀྱི་གནམ་གཤིས་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཡོད་པ་མ་ཟད། རྒྱང་ཚོར་གཞི་གྲངས་ལ་བརྟེན་ནས་སྤྱི་བསྡོམས་བྱས་པ་ཞིག་ཡིན། དབྱེ་ཞིབ་སྙན་ཞུ་ལས་མངོན་པ་ལྟར་ན། 2013ལོར། བོད་ལྗོངས་ཀྱི་རྩྭ་ཐང་ཁུལ་གཙོ་བོའི་གཟན་རྩྭ་སྐྱེ་བའི་དུས་ཚིགས་ཀྱི་ཉི་འོད་དྲོད་ཚད་ཆ་སྙོམས་མིན་ལ། དེའི་ནང་བོད་ལྗོངས་ནུབ་རྒྱུད་རྩྭ་ཐང་ཁུལ་གྱི་གཟན་རྩྭ་སྐྱེ་དུས་ཀྱི་དུས་སྐབས་སྔོན་མར་ཆར་ཆུ་འབབ་ཚད་ཉུང་བས་གཟན་རྩྭ་སྐྱེ་བར་ཤུགས་རྐྱེན་ཐེབས་ཡོད། གཞན་པའི་རྩྭ་ཐང་ཁུལ་གྱི་ཆར་ཆུ་དང་དྲོད་ཚད་ཅུང་ལེགས་པས་གཟན་རྩྭ་སྐྱེ་བར་མཐུན་རྐྱེན་སྐྲུན་ཡོད། 2013ལོར་བོད་ལྗོངས་སྤྱི་ཡོངས་ཀྱི་གཟན་རྩྭའི་ཐོན་ཚད་ན་ནིང་ལས་ཅུང་ཇེ་མཐོར་སོང་ཞིང་། འབྲེལ་ཡོད་ཀྱི་གཞི་གྲངས་དག་ད་ལྟ་སྡོམ་རྩིས་བྱེད་བཞིན་པའི་སྒང་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག