མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་སྣེ་ཁྲིད་པའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དེ་ལྷ་སར་སྐོང་འཚོགས་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁེ་ལས་ཁག་ཅིག་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་60ལྷག་ཙམ་སྤྱི་ཟླ་10ཚེས་31ཉིན་ལྷ་སར་འཛོམས་ནས་བོད་སྐྱོར་ལས་བྱེད་ཁག་བདུན་པའི་སྣེ་ཁྲིད་པའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོར་ཞུགས་པ་དང་། བོད་སྐྱོད་ཟླ་བ་གསུམ་བྱས་ཚུན་གྱི་རང་རང་སོ་སོའི་ལས་དོན་གྲུབ་འབྲས་དང་མྱོང་ཚོར་ལྷུག་གླེང་བྱས་པ་མ་ཟད། གོམ་སྟབས་རྗེས་མར་བོད་སྐྱོར་ལས་དོན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཡའོ་རུས་ཧྥུང་གིས་གསུང་བཤད་གནང་སྐབས། བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་བོད་དུ་བསྐྱོད་ཚུན་དུ་ཏང་གི་མངག་བཅོལ་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་བསྣམས་ནས་བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་བ་དང་བློ་སྟོབས་ཆེར་བསྐྱེད་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཐོག་ནས་ས་མཐོའི་དབྱང་རླུང་མི་འདང་བ་དང་གཟུགས་པོ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་པ་དང་། ལས་དོན་རྣམ་པར་གང་མགྱོགས་འགྱུར་བ་བཏང་ནས་བོད་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་པར་འགོ་ཡག་པོ་འཛུགས་པའི་ཐོག་མའི་ཕན་འབྲས་ཐོན་ཡོད་ཅེས་དང་།

ཁོང་གིས་ད་དུང་བོད་སྐྱོར་ལས་བྱེད་པ་ཚོས་བཟང་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ལས་བྱེད་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། བོད་སྐྱོར་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་ཆབས་ཅིག་དོ་དམ་ནན་པོ་བྱེད་པ་དང་ཚད་གཞི་མཐོ་བའི་བླང་བྱའི་ཐོག་ནས་བོད་སྐྱོར་ལས་བྱེད་པའི་མཚན་སྙན་བཟང་པོ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག