མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དབུར་སྐྱོར་གསར་སྤེལ་རྣམ་གྲངས་ལས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་སོང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-01 11:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རོང་འབྲོག་མང་ཚོགས་ཞུགས་པ་དང་ལག་བསྟར་བྱེད་བཞིན་པའི་དབུར་སྐྱོར་གསར་སྤེལ་ལག་བསྟར་རྣམ་གྲངས་བསྡོམས་པས31ཡོད་དེ། བསྡོམས་པས་མ་དངུལ་སྒོར་ཁྲི4896བཏང་། ཚོད་དཔག་བྱས་པ་ལྟར་ན་རྣམ་གྲངས་ས་ཁུལ་གྱི་མང་ཚོགས་དག་རྣམ་གྲངས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཡོང་སྒོ་སྒོར་ཁྲི831ལྷག་ལ་སླེབས་ངེས་པ་དང་། མི420ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཐུབ་ལ། ཁྱིམ་ཚང432དང་མི1385ཕལ་ཆེར་དབུལ་ཕོངས་ལས་ཐར་ཐུབ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཁྲེང་ཀོན་ཆུས་ཀྱིས་ད་ལོར་ཁྱད་ལྡན་ཐོན་ལས་དང་། མི་རིགས་ལག་རྩལ་ལས་རིགས། གནས་སྐོར་སྤྲོ་གསེང་། དབུལ་སྐྱོར་ཚོང་ཟོག་སྡོད་ཁང་གླ་གཏོང་བྱེད་པ་སོགས་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཁག་ཆེན་པོ་འདི་དག་ལག་བསྟར་བྱས་ཤིང་། དབུལ་ཕོངས་མང་ཚོགས་དེའི་ཁྲོད་ནས་ཁེ་ཕན་ཐོབ་པ་དང་། སྒོར་མོ་ཡོང་སྒོ་རིམ་བཞིན་ཇེ་མང་དུ་སོང་བས། བསམ་པའི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དབུལ་གྲོལ་ཕྱུག་སྒྱུར་གྱི་འདུན་པའང་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག