མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སིས་བོད་ལྗོངས་སུ་དཔེ་དེབ་ཀྱི་ནང་དོན་གསར་སྤེལ་ལྟེ་གནས་བཙུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-01 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སིས་བོད་ལྗོངས་ཀྱི་དཔེ་དེབ་ཀྱི་ནང་དོན་གསར་སྤེལ་ལྟེ་གནས་ལྷ་ས་རུ་སྒོ་བྱང་བཀལ་བ་དང་འདི་ནི་ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སིས་ཐེངས་དང་པོར་པེ་ཅིང་ཕུད་པའི་དཔེ་དེབ་ཀྱི་ནང་དོན་གསར་སྤེལ་ལྟེ་གནས་བཙུགས་པ་ཞིག་ཡིན་པ་དང་། དམིགས་ཡུལ་ནི་བོད་ལྗོངས་ཀྱི་རིག་དངོས་གནའ་གཞུང་དང་མངོན་མིན་རིག་གནས་ཤུལ་བཞག་སོགས་ཐད་ཀྱི་དཔེ་དེབ་ཀྱི་ནང་དོན་གསར་སྤེལ་དང་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་དེ་ཡིན་པ་རེད།

ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སིའི་གཙོ་འཛིན་གཞོན་པ་ལི་ཡན་གྱིས་སྟོན་པར། བོད་ལྗོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཙོ་གནད་རིག་གནས་སྲུང་སྐྱོང་ས་ཁུལ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ལྷ་མོ་དང་གེ་སར་རྒྱལ་པོའི་ལོ་རྒྱུས་མཚོན་པའི་སྙན་ངག ཏ་ལའི་ལོ་མའི་ཆོས་དཔེ་སོགས་ཕུན་སུམ་ཚོགས་ལ་དམིག་བསལ་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་རིག་གནས་ཐོན་ཁུངས་ལྡན་ཡོད། ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སིས་བོད་ལྗོངས་སུ་དཔེ་དེབ་ཀྱི་ནང་དོན་གསར་སྤེལ་ལྟེ་གནས་བཙུགས་པའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་བོད་ཡིག་གནའ་གཞུང་དང་ཡིག་སྒྲིལ། ལོ་རྒྱུས་ཡིག་ཆ་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་སོགས་རྣམས་གྲངས་ཀྱི་དཔེ་སྐྲུན་ལས་དོན་ཞིབ་འཇུག་དང་གསར་སྤེལ་གྱིས་བོད་ལྗོངས་ཀྱི་རིག་གནས་དེ་དེ་བས་ཚད་གཞི་མཐོ་བ་དང་དེ་བས་གཞི་ཁྱོན་ཆེ་བའི་སྟེགས་བུའི་ཐོག་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། ལི་ཡན་གྱིས་གསུངས་པར། དཔེ་སྐྲུན་ཚོགས་པས་ད་དུང་འབྲེལ་ཡོད་ཀྱི་ཆེད་ལས་མཁས་དབང་དང་རྩོམ་སྒྲིག་པ་བོད་དུ་ས་ཡུལ་དངོས་ཀྱི་རྟོག་ཞིབ་དང་ཞིབ་འཇུག་བྱེད་པར་འདེམས་མངགས་བྱ་རྒྱུ་མ་ཟད་རྒྱལ་ཁབ་ཕྱི་ནང་དུ་བོད་ལྗོངས་དང་འབྲེལ་བའི་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།

ཉིན་དེར། ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སིས་བོད་ལྗོངས་ལ་རིན་ཐང་སྒོར་ཁྲི40ཙམ་རེ་བའི་སྤུས་ཚད་ལེགས་པའི་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་རེད། ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཀུང་སི་ནི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་སྡེ་ཚན་ཞིག་ཡིན་པ་དང་། མངའ་འོག་ཁེ་ལས་སུ་གཙོ་བོ་མི་དམངས་རིག་གཞུང་དཔེ་སྐྲུན་དང་ཀྲུང་ཧྭ་དཔེ་ཁང་སོགས་ཕྱི་གླིང་ལས་སྒོའི་རྩོམ་སྒྲིག་དང་རྒྱལ་ཁབ་དང་ས་ཁུལ130ཙམ་ཚུད་ཡོད་པ་དང2013ལོར་འཛམ་གླིང་ཡོངས་ཀྱི་དཔེ་སྐྲུན་ལས་རིགས་རྩེར་སོན50ཡི་ནང་ཚུད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག