མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་སྔ་མོ་ནས་ད་ལོ་དགུན་ཁའི་ནམ་ཟླ་འགྱུར་ལྡོག་ལ་ཁ་གཏད་ནས་བྱེད་ཐབས་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མི་དམངས་དྲ་བ།  2013-11-01 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཀྲང་ཡན་ཆིན་གྱིས་རྫོང་སོ་སོའི་གངས་སྐྱོན་སྔོན་འགོག་དང་གནོད་སེལ་སྐོར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་བསྡུས་ཏེ། གྲོང་ཁྱེར་ཡོངས་ཀྱིས་གངས་སྐྱོན་གནོད་སེལ་དང་དགུན་དུས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཁག་ཐེག་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།

ད་ལོར་འཁྱགས་རླུང་བརྒྱུད་ཚད་ཆེ་བའི་རྐྱེན་གྱིས་ལྷ་ས་གྲོང་ཁྱེར་གྱི་ནམ་ཟླའི་དྲོད་ཚད་མྱུར་དུ་ཇེ་དམའ་རུ་སོང་ཡོད་ལ། གངས་སྐྱོན་སྔོན་འགོག་དང་གནོད་སེལ་གནས་ཚུལ་དེ་འདྲ་ལེགས་པོ་མིན་པས། ཚོགས་འདུའི་བླང་བྱ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོ་དང་ལུས་ཁུངས་སོ་སོས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། ཚོད་དཔག་བྱེད་པ་དང་སྔོན་ཟོན་སྔོན་བརྡ་གཏོང་བར་ཤུགས་བསྣན་ཏེ། རིགས་སོ་སོའི་སྔོན་འགོག་བྱེད་ཐབས་དངོས་འབེབས་བྱེད་རྒྱུ་དང་། གངས་སྐྱོན་གནོད་སེལ་ལས་དོན་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག