མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་བོད་སྐད་ཀྱི་མདོ་འཛིན་པའི་འགྲན་སྡུར་སྐབས་ཐོག་མ་སྤེལ་བ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-31 11:11

                       བོད་ལྗོངས་སུ་བོད་སྐད་ཀྱི་མདོ་འཛིན་པའི་འགྲན་སྡུར་སྐབས་ཐོག་མ་སྤེལ་བ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། བོད་ལྗོངས་ཀྱི་བོད་སྐད་མདོ་འཛིན་པའི་འགྲན་སྡུར་སྐབས་དང་པོ་དེ་བོད་ལྗོངས་བརྙན་འཕྲིན་ཁང་དུ་སྤེལ་ཞིང་། འགྲན་སྡུར་ལ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་རིམ་པ་གསུམ་དུ་བཀར་འདུག

  རང་སྐྱོང་ལྗོངས་ཡོངས་ནས་ཡོང་བའི་འགྲན་ཞུགས་པ་རྣམས་ཐོག་མའི་འགྲན་སྡུར་ལ་ཞུགས་ནས་དེའི་ཁྲོད་མི20དཔྱད་འདེམས་བྱས་རྗེས། བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ་རྣམས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་དང་རྒྱ་སྐད། དབྱིན་སྐད་བཅས་ཀྱི་འཇོན་ནུས་མངོན་པ་དང་། སོ་སོའི་ཁྱད་རྩལ་མངོན་པ། བོད་སྐད་བཤད་པའི་ཁ་ལྕེ་འགྲན་པ་སོགས་རིམ་པ་དུ་མར་བརྒྱུད་མཐར་མི10རྟིང་རྩོད་འགྲན་སྡུར་དུ་ཞུགས་པ་ཡིན།

  ཐེངས་འདིའི་འགྲན་སྡུར་ལ་བྱ་དགའ་ཨང་དང་པོ་གཉིས་དང་། ཨང་གཉིས་པ་གསུམ། ཨང་གསུམ་པ་ལྔ། དེ་མིན་སྨྲ་བརྗོད་ཆེས་ལེགས་པའི་བྱ་དགའ། ཉམས་འགྱུར་ལེགས་པའི་བྱ་དགའ། མིའི་གཡང་འཁོར་པའི་བྱ་དགའ་བཅས་རིགས་དུ་མར་བགོས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག