མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྔོན་གྱི་དུས་ཚིགས་གསུམ་ནང་ལྷོ་ཁ་ས་ཁུལ་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར66ལེགས་འགྲུབ་བྱུང་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-31 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་ནང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར66.15ལེགས་འགྲུབ་བྱུང་བ་དང་དུས་མཉམ་ལས12.4%འཕར་ཡོད་པ་རེད།

སྤྱི་ཟླ1པོ་ནས་སྤྱི་ཟླ9བའི་བར་དུ། ལྷོ་ཁ་ས་ཁུལ་གྱིས་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར5.98ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས52.9%འཕར་བ་དང་། དཔྱ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར11.17ལེགས་འགྲུབ་བྱུང་ལ་དུས་མཉམ་ལས100.7%འཕར་ཡོད་པས། དུས་ཚད་ཀྱི་སྔོན་དུ་ལོ་ཧྲིལ་བོའི་འཆར་གཞི་ལེགས་འགྲུབ་བྱུང་བ་རེད།

སྔོན་གྱི་དུས་ཚིགས་གསུམ་ནང་། ས་ཁུལ་ཡོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར83.64ལེགས་འགྲུབ་བྱུང་བ་དང་དུས་མཉམ་ལས36%འཕར། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར19.4ལེགས་འགྲུབ་བྱུང་བ་དང་དུས་མཉམ་ལས17.9%འཕར། རོང་འབྲོག་པའི་སྒོར་མོ་ཡོང་སྒོ་སྒོར5205ལ་སླེབས་པ་དང་དུས་མཉམ་ལས17.8%འཕར། གྲོང་རྡལ་སྡོད་དམངས་ཀྱིས་སྤྱོད་ཆོག་པའི་ཡོང་སྒོ་སྒོར13462ལ་སླེབས་པ་དང་དུས་མཉམ་ལས9%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར7.09ལེགས་འགྲུབ་བྱུང་བ་དང་དུས་མཉམ་ལས7.7%བཅས་འཕར་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག