མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ལོ་ཧྲིལ་བོའི་ཆུ་བེད་གངུལ་གཏོང་སྒོར་དུང་ཕྱུར4.8དངོས་འབེབས་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-31 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། ཉིང་ཁྲི་ས་ཁུལ་ཆུ་བེད་ཅུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་རྟེན་གཞི་རུ་བྱས་ཏེ། འབད་བརྩོན་ཆེན་པོ་བྱས་པ་བརྒྱུད། ཆུ་བེད་རྣམ་གྲངས་རྒྱུན་མཐུད་བརྟན་རླིང་ངང་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱས། ཉིང་ཁྲི་ས་ཁུལ་གྱིས་ཚོད་དཔག་བྱས་པ་ལྟར་ན་ལོ་ཧྲིལ་བོའི་ཆུ་བེད་དངུལ་གཏོང་སྒོར་དུང་ཕྱུར4.8དངོས་འབེབས་བྱས་ཤིང་། དུས་མཉམ་ལས15%འཕར། རྣམ་གྲངས་ཁྲོད་ཞིང་སྡེའི་འཐུང་ཆུ་དང་། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན། ཞིང་སའི་ཆུ་བེད་ཆུང་གྲས་གཙོ་གནད་རྫོང་འཛུགས་སྐྲུན། ཆུ་བོ་ཆུང་འབྲིང་གཙང་བཅོས་བྱེད་པ། གྲོང་ཁྱེར་གྱི་ཆུ་ཁུངས་བསྒྱུར་བཀོད་ལས་གཞི། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་སྐྱེ་ཁམས་ཞིག་གཟོ་འཛུགས་སྐྲུན་ལས་གཞི་སོགས་རྣམ་གྲངས་ཆེན་པོ་རིགས9དང་རྣམ་གྲངས་ཆུང་ངུ་རིགས20བཅས་འདུས་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག