མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ར་མོ་ཆེ་གཙུག་ལག་ཁང་གི་ལྡེབས་རིས་ཞིག་གསོ་ལས་གཞིའི80%ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-30 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་མཁར་རྙིང་གི་བར་སྐོར་ནས་བྱང་ཕྱོགས་ཀྱི་སྨི500ཡི་མཚམས་སུ་ར་མོ་ཆེ་གཙུག་ལག་ཁང་ཆགས་ཡོད་པ་དང་། ད་ཡོད་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4000ཡོད་ཅིང་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲོས་སུ་ཚུད་ཡོད། དེ་ནི་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་འབྲེལ་ནས་ཡོད་པའི“ལྷ་སའི་གཙུག་ལག་ཁང་ཆེ་ཆུང་གཉིས”ཞེས་སྙན་གྲགས་ཀུན་ལ་ཁྱབ་ཡོད།

སྔོན་ཆད། ར་མོ་ཆེ་གཙུག་ལག་ཁང་གི་མདུན་སྒོར་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་བཞེངས་ཡོད་ལ། ཚོགས་ཆེན་འདུ་ཁང་གི་ལྡེབས་རིས་ལའང་ལོ་ངོ་གཅིག་སྟོང་སུམ་བརྒྱའི་ལོ་རྒྱུས་ཡོད། ལོ་རྒྱུས་ཀྱི་རྐྱེན་གྱིས་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་ལ་ཆག་སྐྱོན་ཆེན་པོ་བྱུང་པ་མ་ཟད། ལྡེབས་རིས་ལའང་གཏོར་བཤིག་ཐེངས་འགར་ཐེབས་པས་ཚོན་ཁྲ་ཡོངས་སུ་ཡལ་ནས་སྔར་གྱི་རྣམ་པར་ཞིབ་དཔྱད་གཏན་ནས་བྱེད་མི་ཐུབ།

2009ལོར། ར་མོ་ཆེའི་རིག་དངོས་ཞིག་གསོའི་ལས་གཞི་དངོས་སུ་འགོ་བརྩམས་ཏེ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི400ཙམ་བཏང་སྟེ། དེའི་ནང་གི་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་བསྐྱར་བཞེངས་ལས་གཞི་ད་ལོའི་ལོ་མཇུག་ཏུ་ལེགས་གྲུབ་འབྱུང་རྒྱུ་དང་། བསྟུད་མར་ལོ3རིང་གི་ལྡེབས་རིས་ཞིག་གསོ་ལས་གཞིའང80%ལེགས་འགྲུབ་བྱུང་བ་དང་སང་ལོར་ཡོངས་སུ་འགྲུབ་ཚར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག