མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

西藏日报

བོད་ལྗོངས་མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་དང་ལས་ཁུངས35ལ་གཟེངས་བསྟོད་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-30 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི2013ལོ་ཧྲིལ་བོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་ནས་རྒྱུས་ལོན་པ་ལྟར་ན། མངའ་རིས་ས་ཁུལ་གྱིས་སློབ་གྲྭ་དང་། དགོན་སྡེ། དེ་མིན་གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ་ཏེ། འདྲ་མཉམ་དང་མཐུན་སྒྲིལ་ཡོང་བ། ཕན་ཚུན་རོགས་རམ་བྱེད་པ་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་བས། མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་དང་ལས་ཁུངས་སྐོར་ཞིག་བྱུང་བ་རེད། ཐེངས་འདིའི་གཟེངས་བསྟོན་ཚོགས་ཆེན་སྟེང་དྲག་ཆས་ཉེན་རྟོག་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤྱི་བདེ་མེ་འགོག་རུ་ཁག་སོགས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་ཁུངས15དང་སྤེན་པ་སྒྲོལ་མ་སོགས་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར20ལ་གཟེངས་བསྟོད་བྱས།

ད་ལོའི་རིང་ལ། མངའ་རིས་ས་ཁུལ་གྱི་སྡེ་ཁག་སོ་སོས“མཉམ་དུ་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱས་ཏེ། མཉམ་དུ་དར་རྒྱས་གོང་འཕེལ་བྱུང་བའི”མི་རིགས་ལས་དོན་ཀྱི་བརྗོད་བྱར་ངོས་འཛིན་ཟབ་མོ་བྱས་ཏེ། ས་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ། འཆམ་མཐུན་མཉམ་གནས་ངང་འཕེལ་རྒྱས་བྱུང་བའི་སྣང་ཚུལ་ཡག་པོ་བསྐྲུན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་བསམ་བློའི་རྨང་གཞི་དང་མང་ཚོགས་རྨང་གཞི་བརྟན་པོ་བཏིངས་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག