མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས“དམངས་སེམས་བཟོ་འགོད་བཅུ”དངོས་འབེབས་བྱེད་རྒྱུ་རེད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-10-29 10:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་སྔོན་དཔག་ལྟར་ན་མ་དངུལ་སྒོར་ཁྲི46449.25བཀོད་སྒྲིག་བྱས་ཏེ“དམངས་སེམས་བཟོ་འགོད་བཅུ”ལག་བསྟར་བྱེད་རྒྱུ་རེད།

སྤྱི་ཟླ7པའི་བར་དུ་བསྡོམས་པས་མ་དངུལ་སྒོར་ཁྲི35094.415དངོས་འབེབས་བྱས་ཤིང་། དེའི་ཁྲོད། འཕྲོད་བསྟེན་སྤུས་ཚད་ཇེ་མཐོར་གཏོང་བའི་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི147.34བཏང་། སློབ་གསོའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི11003.2བཏང་། ཚན་རིག་སྣེ་ཁྲིད་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི240བཏང་། ལས་ཞུགས་ལས་སྐྲུན་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི648.36བཏང་། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་བསྒྱུར་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི5282.5བཏང་། གྲོང་རྡལ་གྱི་བྱེད་ནུས་ཇེ་མཐོར་གཏོང་བའི་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི6438.09བཏང་། དབུལ་སྐྱོར་རོགས་རམ་བཟོ་འགོད་ཐད་སྒོར་ཁྲི1195.925བཏང་། འབྱོར་འབྲིང་སྤྱི་ཚོགས་ལ་སྐུལ་སྤེལ་གཏོང་བའི་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི10074བཏང་། གཞི་རིམ་གྱི་རྨང་གཞིའི་བཟོ་འགོད་ཐད་མ་དངུལ་སྒོར་ཁྲི65བཅས་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག