མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྔོན་གྱི་དུས་ཚིགས་གསུམ་ནང་བོད་ལྗོངས་སྣང་རྫོང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི36270ལ་སླེབས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-28 10:02

ཀྲུང་གོའི་བོད་ཀྱི་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྣང་རྫོང་དུ་བཅར་འདྲི་བྱེད་སྐབས་རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་། སྣང་རྫོང་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། དོན་དངོས་སྒྲུབ་པའི་སྙིང་སྟོབས་དར་སྤེལ་བྱས་པ་དང་། ཚན་རིག་དང་མཐུན་པ། མཐུན་སྒྲིལ་ཡོང་བ། དོན་དངོས་དང་བསྟུན་པའི་སྒོ་ནས་བྱ་བ་ཐམས་ཅད་ལེགས་པར་བསྒྲུབས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།

སྔོན་གྱི་དུས་ཚིགས་གསུམ་ནང་རྫོང་ཡོངས་ཀྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི36270མངོན་འགྱུར་བྱས་ཤིང་། དུས་མཉམ་ལས23.6%འཕར། ནོར་སྲིད་ཡོང་སྒོ་བསྡོམས་པས་སྒོར་ཁྲི982མངོན་འགྱུར་བྱས་པ་དང་། དུས་མཉམ་ལས54%འཕར། སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་དངུལ་གཏོང་སྒོར49915.87ལེགས་འགྲུབ་བྱུང་བ་དང་། དུས་མཉམ་ལས141%འཕར། རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར6610ལ་སླེབས་པ་དང་ལོ་སྔོན་མའི་དུས་མཉམ་ལས17%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག