མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མེ་ཏོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་རྩིས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་ཤེས་རྟོགས་བྱས་པར། ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་གི་གཞུང་ལམ་ཟླ་འདིའི་ཟླ་མཇུག་ཏུ་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་དེའི་ཐོག་ནས་ཀྲུང་གོའི་རིམ་ལྡན་གཞུང་ལམ་མེད་པའི་རྫོང་ཉག་ཅིག་སྟེ་མེ་ཏོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་མཚོན་ཡོད་པ་རེད། ངོ་སྤྲོད་བྱུང་བར་གཞིགས་ན། མེ་ཏོག་རྫོང་གི་གཞུང་ལམ་དེ་སྤྱི་ལོ2009ལོའི་སྤྱི་ཟླ4བའི་ཚེས20ཉིན་ལས་འགོ་ཚུགས་པ་དང་གཞུང་ལམ་ཧྲིལ་པོར་སྤྱི་ལེ117ལྷག་ཡོད་པ་དང་ལས་གཞིར་ཚོད་དཔག་བྱས་ན་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར9.5བཏང་ཡོད་པ་དང་ཚང་མ་རྒྱལ་ཁབ་ནས་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག