ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱིའི་རིང་ཚད་སྤྱི་ལེ117ཟིན་པའི་མེ་ཏོག་ནས་སྤོ་བོའི་གཞུང་ལམ་བཏིང་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱེད་རྩིས་ཡོད་པ་དང་། སྤྱི་ཟླ10བའི་ཚེས24ཉིན་གསར་འགོད་པས་ཉིང་ཁྲི་ས་ཁུལ་འགྲིམ་འགྲུལ་ཅུས་མེ་ཏོག་གཞུམ་ལམ་རྣམ་གྲངས་པུའུ་ནས་ཤེས་རྟོགས་བྱུང་བར། མེ་ཏོག་གཞུང་ལམ་གྱི་ལེགས་བཅོས་བསྐྱར་བསྐྲུན་ལས་གཞི་མཇུག་བསྡུའི་དུས་མཚམས་སུ་སླེབས་ཟིན་པ་དང་། མེ་ཏོག་གཞུང་ལམ་བཏིང་ཟིན་རྗེས། ལོ་རེའི་རླངས་འཁོར་ཤར་གཏོང་དུས་ཚོད་དེ་སྔའི་ཟླ་བ་གསུམ་དང་བཞི་ནས་བརྒྱད་དང་དགུ་བར་མང་དུ་འགྲོ་རྒྱུ་རེད། མིག་སྔར། མེ་ཏོག་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་ཚང་བ་མ་ཟད། རླངས་འཁོར་རྒྱུན་ལྡན་ཤར་གཏོང་བྱེད་པའི་གནས་ཚུལ་འོག སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་རླངས་འཁོར་བཏང་ན་ཆུ་ཚོད་གསུམ་ནས་བཞི་པར་ལས་འགོར་གྱི་མེད་པ་རེད།
བོད་ལྗོངས་ཐན་ཧྲུན་ལམ་ཟམ་ཀུང་སིའི་ལྕགས་སྒྲོམ་ཟམ་པའི་འགན་འཁུར་བ་ཚེ་རིང་བག་བྲོས་ངོ་སྤྲོད་བྱས་པར་གཞིགས་ན། འདམ་རྡོའི་ཆུ་རུས་སོགས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་ཆེད། མིག་སྔར་ཁོང་ཚོས་རི་གཉིས་ཀྱི་དཀྱིལ་དུ་ལྕགས་སྒྲོམ་ཟམ་པ་ཞིག་རྒྱབ་བཞིན་ཡོད་པ་དང་། ལས་གྲྭ་དེ་ཡང་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད་པ་རེད། །