མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱིས་སྤྱི་དབང་མ་ཡིན་པའི་ཁེ་ལས་མཁས་པ་སྒྲིག་འཛུགས་བྱས་ནས་རིན་མི་དགོས་པར་ལུས་པོར་བརྟག་དཔྱད་བྱས་པ།

  ཡོང་ཁུངས། ལྷ་ས་དགོང་དྲོའི་ཚགས་པར།  2013-10-27 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་དྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱིས་ཐེངས་དང་པོའི་སྤྱི་དབང་མ་ཡིན་པའི་ཁེ་ལས་མཁས་པ་སྒྲིག་འཛུགས་བྱས་ནས་བོད་ལྗོངས་སྒྲོ་མ་སྨན་ཁང་དུ་རིན་མེད་ཀྱི་བདེ་ཐང་བརྟག་དཔྱད་བྱས་པ་དང་ཆབ་ཅིག་སྨན་ཁང་ཕྱོགས་ཀྱི་འཐུས་མི་དང་མཉམ་དུ་བདེ་ཐང་བརྟག་དཔྱད་བྱེད་པའི་མཉམ་ལས་ཀྱི་འགྲོས་མཐུན་འཇོག་པའི་མཛད་སྒོ་སྤེལ་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་གནང་བར། ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱིས་ཁྱོན་ཡོངས་ནས་སྤྱི་དབང་མ་ཡིན་པའི་ཁེ་ལས་ལོ་མང་རིང་ས་འབབ་མཐོ་བའི་ས་ཁུལ་དུ་བྱ་གཞག་གསར་གཏོད་བྱེད་སྐབས་དཀའ་ངལ་ཆེ་བས་ཁེ་ལས་མཁས་ཅན་མང་ཆེ་བས་ལས་ཀར་འབྲེལ་ནས་རང་གི་ལུས་པོའི་བདེ་ཐང་ལ་ལྷོད་གཡེང་ཤོར་བར་བསམ་བློ་བཏང་ཡོད་པ་རེད། ཁྱོན་ཡོངས་ནས་བཟོ་ཚོགས་ཀྱིས་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་འགན་ཁྲིའི་ནུས་པར་ཞབས་ཞུ་འདོན་སྤེལ་ཡོང་ཆེད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་དོན་དངོས་ཀྱི་བྱེད་སྒོ་དང་འབྲེལ་ནས་ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་གཞུང་ལས་ཚོགས་འདུས་ཞིབ་འཇུག་གཏན་འཁེལ་བྱས་རྗེས། སྤྱི་དབང་མ་ཡིན་པའི་ཁེ་ལས་མཁས་པ་རྣམས་ལ་རིན་མེད་ཀྱི་བདེ་ཐང་བརྟག་དཔྱད་བྱས་པ་དང་ཆབ་ཅིག་བདེ་ཐང་གི་ཡིག་ཚགས་བཟོས་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག