མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པེ་ཅིང་དགོན་སེར་ནུབ་མས་སྐབས་དང་པོའི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རིམ་ཡོན་གནས་སྤྲོད་པའི་བྱེད་སྒོའི་ཐོག་གསོལ་འདེབས་སྨོན་ལམ་ཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2013-10-26 11:12


གསོལ་འདེབས་སྨོན་ལམ་ཚོགས་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས24ཉིན་གྱི་ཞོགས་པར། ཀྲུང་གོའི་བོད་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་པོའི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རིམ་ཡོན་གནས་ལེན་པའི་ཡིག་རྒྱུགས་དང་ཆོས་བརྩོད་སོགས་བྱེད་མཁན་རྣམས་ཀྱིས་ཡིག་རྒྱུགས་ཆོས་བརྩོད་ཀྱི་གོ་སྐབས་སྤྱད་ནས་ཉི་འོད་ཐོག་ཁང་གི་ཚོགས་ཁང་དུ་རྒྱ་ཆེ་བའི་གསོལ་འདེབས་སྨོལ་ལམ་ཚོགས་ཡོད་པ་རེད།

ཀྲུང་གོའི་བོད་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་སྤྲུལ་སྐུ་ནག་ཚང་བྱམས་པ་ངག་དབང་མཆོག་གི་སྣེ་འཁྲིད་འོག ཀྲུང་གོའི་བོད་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་གི་ཆོས་ལུགས་ཁོངས་གཏོགས་ཀྱི་དགེ་རྒན་ལས་བྱེད་པ་དང་སློབ་མ། སྐབས་དང་པོའི་འབྲིང་རིམ་ཡོན་གནས་སྤྲོད་པའི་བྱེད་སྒོར་ཞུགས་མཁན་དཔྱད་འདེམས་པ། ཆོས་བརྩོད་དང་ཡིག་རྒྱུགས་གཏོང་མཁན་བཅས་ཁྱོན་བླ་ཆེན140ཡིས་ལྷན་དུ༼སྐྱབས་འགྲོ༽དང་༼འཇམ་པའི་མཚན་བརྗོད༽ ༼བསྔོ་སྨོན༽བཅས་ཀྱི་གསུང་ཆོས་འདོན་ནས་རྒྱལ་དར་དམངས་བདེ་དང་འཛམ་གླིང་ཞེ་བདེ་ཡོང་བ། སྐབས་དང་པོའི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རིམ་ཡོན་གནས་སྤྲོད་པའི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་རྒྱུར་གསོལ་འདེབས་སྨོན་ལམ་གནང་ཡོད་པ་རེད།


གསོལ་འདེབས་སྨོན་ལམ་ཚོགས་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག