མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་བའི་བཀའ་འགྱུར་རྒྱ་འགྱུར་མ་ལས་བོད་འགྱུར་མ་ཁ་གསབ་བྱེད་པའི་རྣམ་གྲངས་ཚོགས་འདུ་ཉེ་ཆར་ཡུན་ནན་ཕུའུ་ཨར་གྲོང་ཁྱེར་རུ་བསྡུས།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-10-26 11:12


འབྲེལ་ཡོད་མཁས་དབང་དང་དགེ་བའི་བཤེས་གཉེན་རྣམ་པ་ཀྲུའུ་ཞིའི་སྟེགས་བུ་སྟེང་བཞུགས་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བཀའ་འགྱུར་རིན་པོ་ཆེའི་རྒྱ་འགྱུར་མ་ལས་བོད་འགྱུར་མ་ཁ་གསབ་ཀྱི་ཚོགས་འདུ་ཡུན་ནད་དུ་བསྡུས་པ་དང་། ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་སྨྱུག་ཚོགས་ལྟེ་བའི་ཚོགས་དཔོན། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ཚོགས་པའི་ཀྲུའུ་རེན། སྔོན་མར་ཀྲུང་གུང་ཡུན་ནན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་ལགས་དང་། དཔལ་བརྩེགས་བོད་ཡིག་གནའ་དཔེ་ཞིབ་འཇུག་གི་སྤྱི་ཁྱབ་བཀོད་འདོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་མི། ཨ་རིའི་བོད་བརྒྱུད་ནང་བསྟན་འབྱུང་ཁུངས་ལྟེ་བའི་ཁོངས་མི། བེ་ཅི་ནི་ཡ་སློབ་ཆེན་གྱི་གདན་འདྲེན་ཞིབ་འཇུག་པ་ཐུབ་བསྟན་ཉི་མ་ལགས་དང་།ཕྱོགས་འོངས་ཨ་རི་དང་། ཞིན་ཅ་ཕོ། པེ་ཅིང་། ཟི་ཁྲོན། ཅང་ཞི། ཀན་སུའུ། མཚོ་སྔོན། བོད་ལྗོངས། ཞང་ཀང་། ཐེ་ཝན་བཅས་ནས་ཕེབས་པའི་དགེ་བའི་བཤེས་གཉེན40ལྷག་ཚོགས་འདུ་འདིར་ཞུགས་པ་རེད།

ཀྲུང་གུང་ཕུའུ་ཨར་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅི་བེ་ཞིན། གྲོང་ཁྱེར་རྒྱུན་ཨུ། གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དབུ་ཁྲིད་ཧོང་ལི་ཡོན། གྲོང་ཁྱེར་རྒྱུན་ཨུ་དང་དྲུང་ཡིག་ལི་ཀྲོན་མེན། གྲོང་ཁྱེར་མི་དམངས་སྲིད་གཞུང་དབུ་ཁྲིད་གཞོན་པ་བེ་ཡུས་ཧོང་བཅས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དག་ཀྱང་ཐེངས་འདིའི་མཛད་སྒོར་ཞུགས་པ་དང་། ཧོང་ལི་ཡོན་གྱིས་མཛད་སྒོའི་སྟེང་ཤིས་ཚིག་སྤེལ།

རྒྱུས་ལོན་ལྟར་ན། ཐེངས་འདིའི་ཚོགས་འདུ་ཡི་འགན་ཁུར་ནི་པོ་ཏི་བརྒྱ་ལྷག་ཟིན་པའི་བཀའ་འགྱུར་རྒྱ་ཡིག་ལས་བོད་འགྱུར་བྱེད་པ་དེ་ཡིན། སྔོན་མར་ཉུང་ངུ་ཞིག་ལོ་ཙཱ་བྱས་བར་སྤྱི་སྡོམ་དང་། མིག་སྔར་པོ་ཏི་བརྒྱ་ལྷག་ལས་ཐོག་པར་པོ་ཏི་ཉི་ཤུ་ལྷག་འགྱུར་བཅོས་བྱས་བར་གཟབ་ནན་གྱིས་གདེང་འཇོག་དང་། རྒྱ་བོད་མཁས་པ་དག་གི་ཐ་སྙད་དང་འགྱུར་ཚིག་ལེགས་བཅོས་ཟབ་སྦྱོང་བྱེད་པ། ཚོགས་འདུ་ལས་ད་རུང་ཐེངས་རྗེས་མའི་འགྱུར་བཅོས་ལས་ཀ་བཀོད་སྒྲིག་དང་རེ་འདུན་ཞུས་པ་རེད།

ཐེངས་འདིའི་ཚོགས་འདུ་རུ། ལོ་ཙཱ་བའི་གོམ་གང་མདུན་སྤོས་ཀྱིས་མང་ཚིག་ཐ་སྙད་གཅིག་གྱུར་དང་། རྒྱ་བོད་ཚིག་མཛོད་ལ་རྨང་གཞི་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་རིག་གནས་དཔྱད་གླེང་ཞིབ་འཇུག་ཁ་གསབ་དང་སྲུང་སྐྱོབ་བྱེད་པ། ནང་བསྟན་རིག་གནས་དང་བོད་རིགས་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་ཚད་མཐོ་བའི་དོན་དངོས་གྲུབ་འབྲས་བཟང་པོ་དང་རིག་ལམ་དཔྱད་གླེང་གི་དོན་སྙིང་ལྡན་པ་དང་། ནང་ཆོས་འགྱུར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཅིག་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག