མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཉིང་ཁྲིའི་ལྗོངས་རྒྱུ་ཁུལ་ཆེ་ཁག་གི་སྒོ་བྱང་རིན་གོང་སྤྱི་ཟླ11པའི་ཚེས1ཉིན་ནས་བཟུང་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། མི་དམངས་དྲ་བ།  2013-10-24 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དགུན་དུས་ཀྱི་གནས་སྐོར་བྲིན་ཚོང་བྱེད་པའི་དུས་སྐབས་བཟང་པོ་སླེབས་པ་དང་བསྟུན་ནས། ཉིང་ཁྲི་ས་ཁུལ་གྱི་ལྗོངས་རྒྱུ་ཁུལ་ཆེ་ཁག་དང་། མགྲོན་ཁང་། ཟ་ཁང་བཅས་ཀྱིས་རིན་གོང་ཇེ་དམའ་རུ་གཏོང་བའི་དམངས་ཕན་བྲིན་ཚོང་གི་བྱ་ཐབས་སྤྱད་དེ་རྒྱ་ཆེའི་ཡུལ་སྐོར་བའི་ཡིད་དབང་འགུག་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། སྤྱི་ཟླ11པའི་ཚེས1ཉིན་ནས་ཕྱི་ལོའི་སྤྱི་ཟླ3པའི་ཚེས31ཉིན་བར། ཉིང་ཁྲི་ས་ཁུལ་གྱི་ལྗོངས་རྒྱུ་ཁུལ་ཆེ་ཁག་གི་སྒོ་བྱང་རིན་གོང་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་དང་སྐར་མ་རིམ་པ་ཡན་གྱི་མགྲོན་ཁང་དང་ཟ་ཁང་གིས་རིན་གོང4-6བར་བཅོག་རྒྱུ་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། དགུན་དུས་རིང་ཚོགས་པ་འཛུགས་ནས་ཉིང་ཁྲིར་གནས་སྐོར་ཡོང་བའི་གནས་སྐོར་ཁང་ལ་ཁ་གསབ་དངུལ་དང་བྱ་དགའ་སྟེར་རྒྱུ་ཡིན་ལ། གནམ་གྲུ་བོགས་བླངས་སོགས་བྱེད་པའི་གནས་སྐོར་ཁང་ལ་ཆེད་དམིགས་བྱ་དགའ་སྟེར་རྒྱུ་ཡིན་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག