མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་ནས་ཧང་ཀྲོའུ་དང་ཐིན་ཅིན་བར་གྱི་མཁའ་ལམ་སྤྱི་ཟླ10བའི་ཚེས27ཉིན་གཏོང་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-24 10:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས27ཉིན་ནི་དམངས་སྤྱོད་མཁའ་འགྲུལ་གྱིས་དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་གནམ་གྲུ་དུས་ཚིགས་བརྗེ་ལ་ཉེ། ཉིན་དེར་བོད་ལྗོངས་མཁའ་འགྲུལ་ཀུང་ཟི་ཡིས་ལྷ་ས་ནས་མེན་དབྱང་། ཐིན་ཅིན་བར་དང་། ལྷ་ས་ནས་དབྱི་པིན། ཧང་ཀྲོའུ་བར་གྱི་མཁའ་ལམ་གཉིས་གསར་དུ་གཏོང་རྒྱུ་ཡིན་པ་མ་ཟད། “དགུན་དུས་བོད་ལྗོངས་ལ་གནས་སྐོར་བྱེད་པའི”གོང་བདེ་གནམ་གྲུའི་པ་སེ་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་དང་། བོད་ལྗོངས་ཀྱི་ནུས་ཤུགས་ལྡན་པའི་གནས་སྐོར་ཁང་དང་མཉམ་དུ་འབྲེལ་ནས་གནས་སྐོར་བར་དགུན་དུས་ཀྱི་གནས་སྐོར་ཐོན་རྫས་མཚམས་སྦྱོར་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོ་ནི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐོར་ཅུའུ་ཡིས“དགུན་དུས་བོད་ལྗོངས་ལ་གནས་སྐོར་བྱེད་པའི”ཐོན་རྫས་རབ་དང་རིམ་པ་འགྲེམ་སྤེལ་བྱས་ནས་ལོ10འགོར་བའི་ལོ་ཡིན་པས། བོད་ལྗོངས་མཁའ་འགྲུལ་ཀུང་ཟིའི་འགན་འཁུར་མི་སྣས་བསྟན་དོན། བོད་ལྗོངས་མཁའ་འགྲུལ་གྱིས་དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་གནམ་གྲུ་བརྗེ་བའི་གོ་སྐབས་འདི་དང་བསྟུན་ནས། ལྷ་ས་ནས་བཏང་བའི་གནམ་གྲུའི་ལམ་ཐིག་ལ་འོས་འཚམ་ངང་ལེགས་སྒྲིག་བྱེད་རྒྱུ་ཡིན་ལ། ཐེངས་འདིར་གསར་དུ་གཏོང་རྒྱུ་ཡིན་པའི་མཁའ་ལམ་གཉིས་ནི་མིག་སྔར་ཚོང་ར་སྟེང་གི་རྐྱང་འཕར་ལམ་ཐིག་ཏུ་གཏོགས་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག