མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྤྱི་ཚོགས་སྟེང་བཀོལ་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་གཏོང་བར་ཤུགས་བསྣན་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-23 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་གི་སྤྱི་ཟླ9བ་ནས་ད་ལྟའི་བར། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་སྟེང་བཀོལ་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་གཏོང་བར་ཤུགས་བསྣན་ཏེ་གྲུབ་འབྲས་མངོན་གསལ་བླངས། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ9བའི་ཟླ་མཇུག་བར་དུ་ལྗོངས་ཡོངས་ཀྱིས་རིགས་སོ་སོའི་སྒོ་བྱང་དང་། ལམ་རྟགས། ཚོང་འཕྲིན། འཕྲེད་བྱང་བཅས11294ལྷག་ཚད་ལྡན་དུ་བཏང་བ་དང་། ས་ཁུལ་དང་གྲོང་ཁྱེར་སོ་སོའི་ཆ་སྙོམས་ཀྱིས་དག་ཐེར་དང་ལེགས་བཅོས་བྱེད་ཚད90%ཡན་ཟིན་ཡོད་པས། གཏན་ཁེལ་བྱས་ཡོད་པའི་དམིགས་འབེན་དང་ཕལ་ཆེན་མཐུན་པ་རེད། 

དུས་ཡུན་རིང་བོར་བོད་ལྗོངས་ཀྱིས་སྤྱི་ཚོགས་སྟེང་བཀོད་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་གཏོང་བར་གནས་ཚུལ་སྤྱིར་ནས་ལེགས་པོ་ཡིན། འོན་ཀྱང་དྲིལ་བསྒྲགས་འཕྲེད་བྱང་དང་། སྤྱི་ཕན་རང་བཞིན་དང་ཚོང་ལས་རང་བཞིན་གྱི་ཚོང་འཕྲིན་བྱང་བུ། མཚོན་རྟགས་སོགས་ལ་ཚད་མི་འདྲ་བའི་སྒོ་ནས་བོད་ཀྱི་སྐད་ཡིག་གི་ནོར་འཁྲུལ་དང་། སྒྲ་སྦྱོར་གྱི་ནོར་འཁྲུལ། ཡི་གེ་མི་འདང་བ། ཡིག་བསྒྱུར་ནོར་འཁྲུལ་བྱུང་བ་སོགས་ཀྱི་གནད་དོན་ཚད་ངེས་ཅན་ཡོད། དེ་བས་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དུ་བོད་ལྗོངས་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་བཀོལ་སྤྱོད་བྱེད་པའི་དག་ཐེར་ལེགས་བཅོས་བྱ་བའི་ཚོགས་ཆུང་དང་ལས་དོན་སྡེ་ཁག་བཙུགས། བྱ་འགུལ་སྤེལ་ནས་ལོ་གཅིག་སོང་བའི་རིང་ལ། ས་ཁུལ་དང་གྲོང་ཁྱེར་སོ་སོས་བསྡོམས་པས་སྒོ་བྱང་ཁྲི20ལྷག་དང་། འགྲིམ་འགྲུལ་ལམ་རྟགས700ལྷག ཁེ་ལས་ཀྱི་ཚོང་རྟགས200ལྷག་ཞིབ་བཤེར་བྱས།

དེ་དང་ཆབས་ཅིག་གནད་དོན་དེ་དག་རྩ་བའི་སྟེང་ནས་སྔོན་འགོག་བྱེད་ཆེད་བོད་ལྗོངས་ཀྱིས་སྤྱི་ཚོགས་སྟེང་བཀོལ་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་གཏོང་བའི་ཡུན་རིང་གི་ལམ་ལུགས་ཞིབ་འཇུག་བྱས། མིག་སྔར། བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཡར་ཞུ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་སྟེང་བཀོལ་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་གཏོང་བར་འབྲེལ་ཡོད་བྱ་བའི་བསམ་འཆར》གྱི་གྲོས་བསྡུར་ཡི་གེ་ད་ལྟ་བསམ་འཆར་བསྡུ་ལེན་བྱེད་བཞིན་པའི་སྒང་ཡིན་པས། དག་ཐེར་ལེགས་བཅོས་བྱས་ཚར་རྗེས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག