མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར”སྤྱི་ཟླ10པའི་ཚེས23ཉིན་ནས་ཚེས29ཉིན་བར་འཇར་མན་དུ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-23 09:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཀྲུང་གོར་བཅའ་སྡོད་འཇར་མན་གཞུང་ཚབ་ཁང་བཅས་ཀྱིས་མཉམ་དུ་སྤེལ་བའི“2013ལོའི་འཇར་མན་དང་ཀྲུང་གོའི་བོད་ཀྱི་རིག་གནས་གཟའ་འཁོར”ཞེས་པ་དེ་སྤྱི་ཟླ10པའི་ཚེས23ཉིན་ནས་ཚེས29ཉིན་བར་འཇར་མན་གྱི་རྒྱལ་ས་པེར་ལིན་དང་མོར་ཉི་ཧེ་གྲོང་ཁྱེར་སོགས་སུ་སྤེལ་རྒྱུ་ཡིན་ལ། དེ་ནི་ཀྲུང་གོས་འཇར་མན་དུ་རིག་གནས་བྱེད་སྒོ་ཐེངས་དང་པོར་སྤེལ་བ་རེད།

རྒྱུས་ལོན་པ་ལྟར་ན། “2013ལོའི་འཇར་མན་དང་ཀྲུང་གོའི་བོད་ཀྱི་རིག་གནས་གཟའ་འཁོར”སྐབས་སུ། བོད་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་། པར་རིས། ཐང་ག་འགྲེམ་སྟོན། བོད་རིག་པའི་ཆེད་མཁས་པ་དང་བླ་སྤྲུལ་བར་ཕན་ཚུན་རིག་གནས་སྤེལ་རེས་བྱེད་རྒྱུ་ཡིན་པའི་རྨང་གཞི་སྟེང་། བོད་ཀྱི་དམངས་སྲོལ་རིག་གནས་དང་བོད་དང་འབྲེལ་བའི་དཔེ་དེབ་སོགས་འགྲེམ་སྟོན་བྱེད་རྒྱུ་ཡིན་པས། དེ་ལས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུག་པའི་རང་བྱུང་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སོགས་མཚོན་རྒྱུ་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་འཇར་མན་གྱི་ལས་རིགས་ཁག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག