མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱིས་ཤུགས་ཆེན་པོས་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-22 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིས་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱས་ཏེ་གྲོང་ཁྱེར་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་བས། མིག་སྔར། ས་ཁུལ་ཡོངས་ཀྱི་གྲང་རྡལ་ཅན་གྱི་ཆུ་ཚད21.35%ལ་སླེབས་ཤིང་། གྲོང་རྡལ་གྱི་མི་གྲངས་ཁྲི15.96ལ་སླེབས།

ཉེ་བའི་ལོ་འགའི་རིང་། གཞིས་ཀ་རྩེ་ས་ཁུལ་གྱིས་བཟོ་ལས་ཅན་གྱི་ཐབས་ལམ་གསར་བ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་བཟང་སྡེབ་རིམ་འཕར་ཆུ་ཚད་ཇེ་མགྱོགས་སུ་བཏང་། དེ་དང་ཆབས་ཅིག གཞིས་ཀ་རྩེ་ས་ཁུལ་གྱིས་ས་གནས་དེ་གའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ཁུངས་རྟེན་གཞི་རུ་བྱས་ནས། ས་ཁུལ་རང་བཞིན་གྱི་ཁྱད་ལྡན་གཙོ་གནད་ཐོན་ལས་གསོ་སྤེལ་དང་རྒྱ་བསྐྱེད་དེ། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་བཏང་བ་ཟད། ཐོན་ལས་གསུམ་པའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། གྲོང་རྡལ་གྱི་འཕེལ་རྒྱས་ཁ་ཕྱོགས་ཐོན་སྐྱེད་ཞབས་ཞུ་རང་བཞིན་དུ་གྱུར་བར་སྐུལ་འདེད་བྱེད་པ་དང་། གྲོང་རྡལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་གྲོང་རྡལ་གྱི་སྨན་བཅོས་དང་། ལས་ཤོར། རྒན་གསོ་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་།

མིག་སྔའི་བར་དུ། ས་ཁུལ་ཡོངས་ཀྱི་རྫོང་ཡོད་སའི་ཤང་དང་གྲོང་རྡལ་ཐམས་ཅད་ལ་སྣུམ་ལམ་བཏང་ཡོད་པ་དང་། ཤང་དང་གྲོང་རྡལ203ལ་འོད་འཁྲིད་འཕྲིན་གཏོང་འཐེན་ཡོད། གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱུང་ཡོད་པ་མ་ཟད། གྲོང་རྡལ་གྱི་སྨན་བཅོས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་སོགས་སྤྱི་ཚོགས་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག