མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཞིང་ཁྱིམ་དང་དགོན་པའི་དཔེ་ཁང་གི་སྒྲིག་ཆས་དང་དཔེ་དེབ་ཆ་ཚང་ཡིན་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-10-22 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ན་ནིང་གི་སྤྱི་ཟླ6པར་ཞིང་ཁྱིམ་དཔེ་ཁང་དང་དགོན་པའི་དཔེ་ཁང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་ནས་བཟུང་། དཔེ་ཁང་གི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། དཔེ་ཆའི་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་དཔེ་དེབ་ཀྱི་གྲངས་ཀ་ཇེ་མང་དུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་རོང་འབྲོག་པ་མང་ཚོགས་དང་དགོན་པའི་གྲྭ་བཙུན་གྱི་ཀློག་འདོན་དགོས་མཁོ་བསྐངས། རྒྱུས་ལོན་བྱས་པ་ལྟར་ན། མིག་སྔའི་བར་དུ་ལྷོ་ཁ་ས་ཁུལ་ཡོངས་སུ་ཞིང་ཁྱིམ་དཔེ་ཁང555ལ་པར་སྐྲུན་དཔེ་ཆའི་རིགས948དང་དཔེ་དེབ2680ཡོད་པ་དང་། དགོན་པའི་དཔེ་ཁང252ལ་དཔེ་དེབ་རིགས472དང་དཔེ་དེབ་ཀྱི་གྲངས་ཀ1200ལྷག་ཡོད་པ་མ་ཟད། དཔེ་ཁང་རེ་རེའི་ནང་དཔེ་སྒམ་དང་། སྒྲོག་ཙེ། རྐུབ་སྟེགས་སོགས་སྒྲིག་ཆས་ཆ་ཚང་དུ་བཀོད་སྒྲིག་བྱས་ཡོད་ལ། དཔེ་ཁང་དོ་དམ་དང་། དཔེ་དེབ་གཡར་ནས་ཀློག་པའི་ལམ་ལུགས་ཀྱང་གཏན་འབེབས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག