མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་མི་རེའི་ནགས་ཚལ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི5ཙམ་ཟིན་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་ཚུད་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-21 11:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནགས་ལས་ཐིན་གྱི་གྲངས་གཞི་ལས་མཚོན་པ་ལྟར་ན། ད་ལྟ་བོད་ལྗོངས་ཀྱི་ནགས་ཚལ་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི1500ཟིན་ཡོད་པ་དང་། རྒྱུན་སྡོད་མི་འབོར་ལ་གཞིགས་ནས་བརྩིས་རྒྱབ་ན་མི་རེར་ནགས་ཚལ་ཁེབས་ཚད་རྒྱ་སྨི་གྲུ་བཞི་མ་ཁྲི5ཙམ་ཟིན་པས། རྒྱལ་ཡོངས་ཀྱི་ཨང་དང་པོར་ཚུད།

རང་སྐྱོང་ལྗོངས་ནགས་ལས་ཐིན་ནགས་ཚལ་ཐོན་ཁུངས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་པ་སངས་ནོར་བུས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་བར་གྱི་གཞི་གྲངས་ལས་མཚོན་པ་ལྟར་ན། ད་ལྟ་བོད་ལྗོངས་སུ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི1471.56ཡོད་པ་དང་། ཤིང་གསོག་འཇོག་བྱེད་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར23ཡོད་པ་རེད།

བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་འཛུགས་སྐྱོང་དང་ནགས་ལས་གོང་འཕེལ་གཏོང་རྒྱུ་ནི། དཔལ་འབྱོར་དང་སྤྱི་ཚོགས་མཆོངས་བརྒལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྤྱིའི་འཆར་འགོད་ནང་བཞག་སྟེ། ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཉེ་བའི་ལོ་འགའི་ནང་སྔ་གཞུག་ཏུ་རང་བྱུང་ནགས་ཚལ་བཟོ་བསྐྲུན་དང་རྨོ་བསྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས། རི་སྐྱེ་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་ཡོད་པ་རེད།

 གཞི་ཁྱོན་ཆེ་བའི་ནགས་ཚལ་གྱི་ཐོན་ཁུངས་དེ་དག་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཆང་འཛིན་གཙོ་བོར་གྱུར་ཡོད་པས། རང་སྐྱོང་ལྗོངས་ནགས་ལས་ཐིན་གྱིས་སྤྱི་ལོ2015ལོར་སླེབས་དུས་རང་ལྗོངས་ཀྱི་ནགས་ལས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར20ཡན་ཟིན་ངེས་པ་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར10ཡན་ཐོབ་ངེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག