མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་བོད་ལྗོངས་ཆབ་མདོ་ས་ཁུལ་ནས་སྤེལ་འགོ་ཚུགས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-21 11:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱིས་འགན་འཁུར་ནས་སྒྲུབ་པ་དང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་མཉམ་དུ་སྤེལ་བའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་སྤྱི་ཟླ10བའི་ཚེས19ཉིན་གྱི་སྔ་དྲོ་བོད་ལྗོངས་ཆབ་མདོ་ས་ཁུལ་ནས་སྤེལ་འགོ་ཚུགས། ཐེངས་འདིའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་བརྗོད་བྱ་ནི“ཡིད་དབང་འཕྲོག་པའི་ཁམས་པ། ཆབ་མདོ་རུ་ལྷན་འཛོམས་བྱུང་བ”ཞེས་པ་དེ་ཡིན།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ཚོགས་ཡུན་ཉིན་ལྔ་ཡིན་ལ། དེའི་རིང་ལ་རིག་རྩལ་འཁྲབ་སྟོན་དང་། འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན། རིག་གནས་ཡུལ་སྐོར་གླེང་སྟེགས། མཛེས་རིས་འགྲེམ་སྟོན། ཚོང་ལས་བཀྲམ་འཚོང་གྲོས་བསྡུར། དམངས་ཁྲོད་ལས་རྩལ་འགྲན་བསྡུར། གྱོན་ཆས་འཁྲབ་སྟོན། མེ་ཕུང་དགོང་ཚོགས་སོགས་བྱ་འགུལ་སྤེལ་རྒྱུ་རེད།

ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བདེ་ཆེན་ཁུལ་དང་། ཆབ་མདོ་ས་ཁུལ། དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ་བཅས་ས་ཁུལ་བཞི་ཡིས་མཉམ་དུ་རྩ་འཛུགས་བྱས་ཏེ་རེས་འཁོར་ནས་སྤེལ་བ་ཡིན་ཞིང་། དེ་ནི་ཡུན་ནན་དང་། སི་ཁྲོན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། 1994ལོའི་སྤྱི་ཟླ8པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིག་རང་སྐྱོང་ཁུལ་གྱིས་སྒྱུ་རྩལ་དུས་ཆེན་སྐབས་ཐོག་མ་སྤེལ་བ་ནས་བཟུང་ད་ལྟའི་བར་དུ་ཐེངས་དྲུག་ལ་སྤེལ་ཡོད་པས། དེ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པ་དང་། མི་རིགས་ཀྱི་སྙིང་སྟོབས་ཇེ་ཆེར་སྐྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཁམས་པའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བ། རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྤྲོ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་ས་ཁུལ་རང་བཞིན་གྱི་སྒྱུ་རྩལ་དུས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག