མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་ཁྲི4ཙམ་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་འབྱུང་ལ་ཉེ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-21 10:03

འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི་འགན་སྲུང་སྡོད་ཁང་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་བོད་རང་སྐྱོང་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་ཁྲི4.3འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཀོད་ཡོད་དེ། མིག་སྔར་སྡོད་ཁང་ཁྲི3.94འཛུགས་སྐྲུན་བྱས་ནས་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པས། ཉེ་བའི་ལོ་གསུམ་གྱི་རིང་ལ་སྡོད་ཁང་འཛུགས་སྐྲུན་བྱས་པའི་བསྡོམས་གྲངས་ལས་ཀྱང་བརྒལ་ཡོད་པ་རེད། དེ་མིན་བོད་ལྗོངས་ཀྱིས་གླ་བདེ་སྡོད་ཁང་ནང་དུ་འདུག་པའི་ཆ་རྐྱེན་ཇེ་ཉུང་དུ་བཏང་སྟེ། ལྗོངས་ཡོངས་ཀྱིས་འཛུགས་སྐྲུན་བྱས་ཟིན་པའི་གླ་བདེ་སྡོད་ཁང་ཁྲོད་མི་འདུག་ཚད86%ནས92%ཡན་འཕར་ཡོད་ལ། ཚད་ངེས་ཅན་ཞིག་གི་སྟེང་ནས་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག