མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྨན་རྫས་ཐོན་ཁུངས་ལ་རྩིས་བཤེར་བྱས་ནས་སྨན་སྤྱོད་སྐྱེ་དངོས་རིགས3000ལྷག་རྙེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:17

1.JPG

རྩིས་བཤེར་རུ་ཁག་གིས་སྨན་རྫས་ཐོན་ཁུངས་རྩིས་བཤེར་བྱེད་ཀྱིན་པ།

2.JPG

རྩིས་བཤེར་རུ་ཁག་གིས་སྨན་རྫས་ཐོན་ཁུངས་རྩིས་བཤེར་བྱེད་ཀྱིན་པ།
 

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ5བ་ནས་བཟུང་བོད་ལྗོངས་ཀྱིས་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ཁུངས་ཀྱི་ལས་གཞིར་རྩིས་བཤེར་བྱེད་མགོ་བརྩམས་ཤིང་། དེ་ནི་བོད་ལྗོངས་ཀྱིས་ཐེངས་དང་པོར་ཁྱབ་ཁོངས་ཆེ་ཞིང་གཞི་རྒྱ་ཅན་གྱི་སྒོ་ནས་སྤེལ་བའི་ལྗོངས་ཡོངས་ཀྱི་སྨན་རྫས་ཐོན་ཁུངས་ལ་རྩིས་བཤེར་བྱས་པ་ཡིན་ལ། རྩིས་བཤེར་བྱེད་མགོ་ཚུགས་པའི་སྐབས་སུ་བོད་ལྗོངས་ཀྱི་རྫོང26ལས་གཞིའི་ཁོངས་སུ་འབྲེལ་བ་དང་། རྩིས་བཤེར་རུ་ཁག་དེ་བོད་ལྗོངས་ལྷོ་ཁ་དང་གཞིས་ཀ་རྩེ། ཉིང་ཁྲི་སོགས་ཀྱི་རྫོང17ལ་སོང་ནས་ད་ལོའི་ཟླ9བའི་བར་ཁྱོན་བསྡོམས་པས་སྨན་སྤྱོད་སྐྱེ་དངོས་རིགས3000ལྷག་ལ་རྩིས་བཤེར་བྱས་པའི་ཁྲོད། རྒྱལ་ཁབ་ཀྱི་སྨན་རྫས་གཙོ་ཤོས་རིགས90ལྷག་དང་། ཁྱད་ལྡན་སྨན་རྫས་རིགས50ལྷག སྐྱེ་དངོས་གསོབ་གཟུགས73000ལྷག་འཚོལ་བསྡུ་བྱས་ཏེ་རིང་ཚད་ལ་སྐར་མ2800ཡོད་པའི་བརྙན་གཟུགས་རྒྱུ་ཆ་ཕབ་བསྐྲུན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག