མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་གཞི་རིམ་གྱི་རིག་གནས་སྒྲིག་ཆས་འཛུཌ་སྐྲུན་ལ་ཤུགས་སྣོན་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-19 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱིས་གཞི་རིམ་གྱི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། འཛུགས་སྐྲུན་རྣམ་གྲངས་སོ་སོ་བརྟན་པོའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་རེད།

བསྡོམས་པས་མ་དངུལ་སྒོར་ཁྲི7080བཏང་ཡོད་ལ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.8ཡོད་པའི་ནག་ཆུ་ས་ཁུལ་གྱིས་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚུགས81དང་ཞོར་གཏོགས་སྒྲིག་ཆས་རྣམ་གྲངས་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། རྣམ་གྲངས་འདི་དག་རྫོང་སོ་སོས་འགན་འཁུར་དང་ལག་བསྟར་བྱེད་བཞིན་ཡོད། མིག་སྔར་ཨ་མདོ་རྫོང་དུ་ཤང་གྲོང8དང་། ཤན་རྩ་རྫོང་དུ་ཤང་གྲང6། ཉི་མ་རྫོང་དུ་ཤང་གྲོང14། ནག་ཆུ་རྫོང་དུ་ཤང་གྲོང11ཡོད་པ་བཅས་ཀྱིས2012ལོའི་སྤྱི་ཟླ7པ་ནས་བཟུང་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ཡིན་ཞིང་། གོང་གི་ཤང་གྲོང་རིག་གནས་ས་ཚུགས39ད་ལོའི་སྤྱི་ཟླ4བའི་ཚེས20ཉིན་དུས་ལྟར་བསྐྱར་འཛུགས་བྱས་པས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། གཞན་ད་རུང་ཤང་གྲོང་རིག་གནས་ས་ཚུགས42ད་ལོའི་སྤྱི་ཟླ5བའི་ཟླ་སྟོད་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པས། ཚོད་དཔག་ལྟར་པ་སྤྱི་ཟླ10པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད།

གཞན་ཡང་མ་དངུལ་སྒོར་ཁྲི437བཏང་བའི་སོག་རྫོང་དང་། ཨ་མདོ། ནག་ཆུ། འབྲི་རུ། དཔལ་མགོན་བཅས་རྫོང5ཡི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྦྱོང་ར་བའི་རྣམ་གྲངས་ཀྱི་གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱུང་ནས། རང་སྐྱོང་ལྗོངས་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་རྣམ་གྲངས་དེར་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།

བསྡོམས་པས་མ་དངུལ་སྒོར་ཁྲི་ཚོ300བཏང་བའི་ནག་ཆུ་ས་ཁུལ་གྱི་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས5ཡི་ཉམས་གསོ་ལེགས་བཅོས་རྣམ་གྲངས་བརྟན་པོའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་།  དེང་སྐབས་འབྲི་རུ་དང་ནག་ཆུ་ཕུད་སོག་དང་ཨ་མདོ། དཔལ་དགོན་བཅས་རྫོང་གིས་ཉམས་གསོའི་ལས་འགན་ལེགས་འགྲུབ་བྱུང་། ནག་ཆུ་རྫོང་གིས་སྤྱི་ཟླ4བའི་ཚེས20ཉིན་ནས་བཟུང་ཉམས་གསོའི་ལས་གཞི་ལག་བསྟར་བྱས་པ་ཡིན་ལ། མིག་སྔར་སྤྱིའི་བཟོ་འགོད་ཀྱི95%ལེགས་འགྲུབ་བྱུང་ཡོད་པས་ད་ལོའི་ལོ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག