མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་མཚོན་རྟགས་ཅན་གྱི་འཕེལ་རིམ་ལ་སྐུལ་སྤེལ་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-19 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ལག་བསྟར་བྱས་ཚུན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་པ་དང་ལུགས་མཐུན་བཀོད་སྒྲིག་བྱས་ནས། ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་མཚོན་རྟགས་ཅན་གྱི་འཕེལ་རིམ་ལ་མུ་མཐུད་དུ་སྐུལ་སྤེལ་བཏང་བ་དང་། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས། ཞིང་འབྲོག་ཁུལ་གྱི་ས་ཁོངས་ཅན་གྱི་བཀོད་སྒྲིག་དང་ཆེད་ལས་ཅན་གྱི་ཐོན་སྐྱེད། ཁྲོམ་ར་ཅན་གྱི་གཉེར་སྐྱོང་། ཁྱད་ལྡན་ཅན་གྱི་གོང་འཕེལ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།

མིག་སྔའི་བར་དུ་ཉིང་ཁྲི་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་ཀྱི་ཤང11དང་ཆེད་ལས་གྲོང་ཚོ28སྐྱེད་སྲིང་བྱས་ཡོད་པ་དང་། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས14ལ་རོགས་སྐྱོར་སྐྱེད་སྲེང་བྱས་པ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས400འཕེལ་རྒྱས་བཏང་བ། སྡོང་ཕུང་དང་བེ་ཤ་སོགས་ཆེད་ལས་མཐུན་ཚོགས9བཙུགས་པ། དེ་བཞིན་བོད་ཕག་དང་བོད་བྱ་གསོ་ཚགས་དང་བོད་སྨན་རྒྱུ་ཆ་འདེབས་བཙུགས་སོགས་ཁྱད་ལྡན་ཐོན་ལས་ཁུལ8དང་། མེ་ཏོག་རྫོང་གི་ཚ་ཁུལ་ཤིང་འབྲས་འདེབས་བཙུགས་རྟེན་གཞི་བཙུགས་ནས། མ་རྨོས་ལོ་ཏོག་མུའུ་ཁྲི4.59དང་སྟར་སྡོང་མུའུ་ཁྲི1.8། སྔོ་ཚལ་མུའུ2.49། སྤུས་ལེགས་ཤིང་འབྲས་མུའུ་ཁྲི1.5། འཇིབ་རྩེ་སྨུག་པོའི་རྟེན་གཞི་མུའུ1000བཅས་འདེབས་བཙུགས་བྱས་པ་དང་། ཕག་གསོ་ར་བ9འཕེལ་རྒྱས་བཏང་བ། ཉིང་ཁྲིའི་བེ་ཤ་དང་སྤོ་བོ་རྫོང་གི་སྡོང་ཕུང་། སྣང་རྫོང་གི་སྟར་ཁ། སྐར་མའི་ཤིང་འབྲས་བཅས་ཀྱིས་ཚབ་མཚོན་བྱེད་པའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་མཚོན་རྟགས་གཏོད་ཡོད་པ་མ་ཟད། ཞིང་ལས་དང་འབྲེལ་བ་ཡོད་པའི་ཚོང་རྟགས20ཐོ་འགོད་བྱས་ཡོད་པ་རེད། རྣམ་གྲངས་ལག་བསྟར་ཁུལ་གྱིས་དུད་ཚང8000ལྷག་གི་ཞིང་འབྲོག་མང་ཚོགས་ཁྲི4ཙམ་ལ་ཕན་པ་ཐོབ་ནས་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར4000རེ་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག